མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་ཚོགས་ཀྱི་ཚོགས་མི་རྩ་འཛུགས་བྱས་ཏེ་་ཁྲི་ཀར་སློབ་ལ་ཕྱིན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-17 10:21:00 ཀློག་གྲངས།:


དམའ་རིམ་འཛིན་གྲྭའི་སློབ་མ་རྣམས་དང་འབྲེལ་འདྲིས་བྱེད་བཞིན་པ།

      ཉེ་སྔོན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་མའི་ཚོགས་པའི་ཚོགས་མི་དང་འཛིན་གྲྭའི་གུང་གཞོན་ཚོགས་པའི་ཚོགས་མི་སོགས་སློབ་མ50ལྷག་རྩ་འཛུགས་བྱས་ཏེ་སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་སྣེ་ཁྲིད་ནས་ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་རུ་གཟིགས་ཞིབ་སློབ་སྦྱོང་ལ་ཕྱིན།


དམའ་རིམ་འཛིན་གྲྭའི་སློབ་མ་རྣམས་དང་འབྲེལ་འདྲིས་བྱེད་བཞིན་པ།

      ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་མི་རབས་རྗེས་མར་བྱམས་སྐྱོང་བྱེད་པ་ཞེས་པ་བརྗོད་དུ་བཟུང་བའི་སློབ་གསོའི་བྱ་འགུལ་དུ་ཞུགས་ཤིང་། ཚོགས་མི་སོ་སོ་འཛིན་གྲྭར་ཞུགས་ནས་བོད་ཀྱི་ལེགས་བཤད་གཏམ་རྒྱུད་བཤད་པ་དང་། ཕན་ཚུན་ལ་བྱམས་བརྩེའི་ལེགས་སྐྱེས་ཕུལ་བ། སེམས་གཏམ་གླེང་བའི་བྱ་འགུལ་སོགས་སྤེལ།


སླེ་གྲུག་འགྲན་བསྡུར་དུ་ཞུགས་པ།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་ཚོགས་ཀྱི་ཚོགས་མི་རྩ་འཛུགས་བྱས་ཏེ་ཁྲི་ཀར་གཟིགས་ཞིབ་སློབ་སྦྱོང་ལ་ཕྱིན།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྒོ་ཁར།

      མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་རུ་བྱ་འགུལ་སྤེལ་མཁན་ཙང་གིས་སློབ་གྲྭ་ཕྱོགས་ཀའི་སློབ་མའི་ཚོགས་པའི་ཚོགས་མི་དང་འཛིན་གྲྭའི་གུང་གཞོན་ཚོགས་པའི་ཚོགས་མི་རྩ་འཛུགས་སྒོས་གླེང་མོལ་སྤེལ་བ་སྟེ། ཚོགས་ཞུགས་སློབ་མ་རྣམས་དང་སེམས་འདུན་སྤེལ་རེས་དང་། མི་གཤིས་ལ་མཐོང་ཆེན་དང་། སློབ་སྦྱོང་ལ་སྤྲོ་བ། དྲིན་གཟོ་ཤེས་པ། ཀུན་སྤྱོད་བརྩི་སྲུང་། ཕུགས་བསམ་ཅན་བཅས་ཀྱི་དུས་རབས་གསར་བའི་སློབ་འབྲིང་སློབ་མ་ཞིག་ཇི་ལྟར་བྱེད་པའི་ཐད་ནས་གླེང་མོལ་བྱས་པ་རེད།


སློབ་གཙོ་གཞོན་པ་དང་ལྷན་དུ།

      བྱ་འགུལ་མཇུག་སྒྲིལ་རྗེས། སློབ་མ་རྣམས་སྔ་གཞུག་ཏུ་ཁྲི་ཀའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་དང་། ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་། མི་ཉག་དགུ་ཐོག ཇོ་ཇོ་ལྷ་ཁང་སོགས་ལ་མཇལ།


མི་ཉག་མཆོད་རྟེན་ལ་མཇལ་སྐོར་བྱས་པ།


ཁྲི་ཀའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་བསྐོར་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།