མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་ཕྲུག་བུ་མོའི་སེམས་ཁམས་བདེ་ཐང་གི་སློབ་ཁྲིད་སྤེལ།
དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་ཀྱིས་སློབ་ཁྲིད་གནང་བཞིན་པ།
དེ་ཡང་སློབ་ཕྲུག་བུ་མོ་རྣམས་ཀྱི་སེམས་ཁམས་འགྱུར་ལྡོག་ལེགས་པོར་མཐོང་བ་དང་། ཁོ་ཚོ་བདེ་ཐང་ངང་འཚར་ལོང་འབྱུང་བ། སེམས་ཁམས་ཀྱི་སྤུས་ཚད་སྦྱོང་བརྡར་དང་མཐོར་འདེགས་བཅས་བྱེད་པར། ཉེ་སྔོན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་ཕྲུག་བུ་མོའི་སེམས་ཁམས་བདེ་ཐང་སྐོར་གྱི་ཤེས་བྱའི་སློབ་ཁྲིད་སྤེལ་ཞིང་། ཆེད་དུ་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་དང་བོད་ཀྱི་གསོ་རིག་འབུམ་རམས་པ་ཀླུ་མོ་ཚེ་རིང་གཉིས་གདན་འདྲེན་ཞུས་ཏེ་སློབ་ཁྲིད་གནང་བ་རེད།
དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་ཀྱིས་སློབ་ཁྲིད་གནང་བཞིན་པ།
དགེ་རྒན་ཆེན་མོ་རིན་ཆེན་དོན་གྲུབ་ཀྱིས་སློབ་གྲྭའི་བོད་སྐད་ཡིག་སློབ་ཞིབ་ཚན་ཆུང་དང་ཁྲིད་རྣམ་དང་པོའི་དགེ་རྒན50ལྷག་ལ《ཚན་རིག་ཞིབ་འཇུག་གི་གནས་བབ་དང་སྔོན་དཔག་སྒོམ་པ》ཞེས་པའི་ཆེད་དོན་སློབ་ཁྲིད་གནང་སྟེ། མཐོ་འབྲིང་སློབ་མའི་སེམས་ཁམས་ཀྱི་གནོན་ཤུགས་ཇི་ལྟར་སེལ་བའི་བྱེད་ཕྱོགས་དང་ཐབས་ལམ་བརྗོད་ཅིང་། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དགེ་རྒན་རྣམས་ཀྱིས་བཏོན་པའི་དྲི་བ་རབས་དང་རིམ་པར་ཞིབ་ཅིང་ཕྲ་བའི་སྒོ་ནས་ལན་རེ་རེ་གསལ་བོར་བཏབ་པ་མ་ཟད། ཁྲིད་སྟོན་རང་བཞིན་གྱི་ནུས་པ་ལྡན་ཞིང་རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
འབུམ་རམས་པ་ཀླུ་མོ་ཚེ་རིང་གིས་སློབ་མའི་སེམས་ཁམས་བདེ་ཐང་ཐད་ནས་སློབ་ཁྲིད་གནང་བ།
འབུམ་རམས་པ་ཀླུ་མོ་ཚེ་རིང་གིས་སློབ་གྲྭའི་བུ་མོ་སློབ་ཕྲུག་རྣམས་ལ《མཐོ་འབྲིང་སློབ་མའི་བདེ་ཐང་སློབ་གསོ》ཞེས་པའི་ཆེད་དོན་སློབ་ཁྲིད་གནང་ཞིང་། སློབ་གྲྭའི་བུ་མོ་སློབ་ཕྲུག1200ལྷག་གིས་གཟབ་ནན་གྱིས་སློབ་ཁྲིད་ལ་གསན། ཁོ་མོས་མཐོ་འབྲིང་སློབ་ཕྲུག་བུ་མོའི་སེམས་ཁམས་བདེ་ཐང་གི་སྤྱིར་བཏང་ཁྱད་ཆོས་ནས་མགོ་བརྩམས་ཏེ། མིག་སྔར་སློབ་གྲྭའི་སློབ་ཕྲུག་བུ་མོའི་སེམས་ཁམས་ཀྱི་གནས་སྟངས་དབྱེ་ཞིབ་དང་། ད་ལྟའི་སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་སྣང་ཚུལ་འགར་ཁ་གཏད་དེ་སློབ་ཕྲུག་བུ་མོའི་སེམས་ཁམས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་མཁོ་སྦྱོར་བྱས་ལ། སློབ་མས་དོ་སྣང་བྱེད་པའི་གནད་དོན་གཞིར་བཟུང་ནས་སློབ་གྲྭའི་སློབ་ཕྲུག་བུ་མོའི་སྤྱོད་ལམ་གོམས་སྲོལ་དང་། མིའི་བར་གྱི་འབྲེལ་བ། ཚེ་སྲོག་ལ་ཐུགས་བརྩེ། མི་ཚེ་ལ་ཡང་དག་པར་ལྟ་བ་སོགས་གླེང་བརྗོད་ལ་གཞིག་སྟེ་སློབ་ཕྲུག་བུ་མོ་ཚོས་ཕོ་མོའི་འབྲེལ་བ་ཇི་ལྟར་ཡང་དག་པར་འབྲེལ་འདྲིས་བྱེད་པ་དང་། རང་ཉིད་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཁ་ཕྱོགས་བསྟན།
འབུམ་རམས་པ་ཀླུ་མོ་ཚེ་རིང་གིས་སློབ་མའི་སེམས་ཁམས་བདེ་ཐང་ཐད་ནས་སློབ་ཁྲིད་གནང་བ།
ཐེངས་འདིའི་སེམས་ཁམས་བདེ་ཐང་གི་སློབ་ཁྲིད་ལས་སློབ་མ་རྣམས་ལ་སེམས་ཁམས་ཐད་ཀྱི་ཤེས་བྱ་ངེས་པ་དང་ཁོ་ཚོས་སེམས་ཁམས་བདེ་ཐང་ལ་ཤུགས་སྣོན་པའི་འདུ་ཤེས་མཐོར་འདེགས་བྱུང་ཞིང་ཤུགས་རྐྱེན་ཆེན་པོ་ཐེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com