མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་དུ་ཨ་མདོའི་ཡུལ་སྐད་འགྲན་སྡུར་སྤེལ།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-20 09:33:00 ཀློག་གྲངས།:


མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གིས་ཨ་མདོའི་ཡུལ་སྐད་འགྲན་སྡུར་སྤེལ།

      དགེ་ཐོན་སློབ་ཆེན་གྱི་སློབ་ཆེན་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། བོད་མདོ་དབུས་ཁམས་གསུམ་གྱི་སློབ་བུ་རྣམས་ཀྱིས་ཕན་ཚུན་གྱི་ཡུལ་སྐད་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་དང་གོ་སྐབས་ཞིག་བསྐྲུན་ཆེད། བོད་སྐད་ཡིག་སྡེ་ཁག་གིས་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་ཐོག2012ལོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་འཛིན་གྲྭས་སྤྱི་ཟླ12པའི་ཚེས18ཉིན་གྱི་དགོང་མོའི་དུས་ཚོད7:00ཀྱི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་དུས་ཆེན་ལས་ཨ་མདོའི་ཡུལ་སྐད་འགྲན་སྡུར་ཞེས་པ་གཙོ་སྒྲུབ་གནང་སྟེ་ལྷོ་གླིང་སློབ་ཁྲིད་ཐོག་ཁང་གི219སྐས་རིམ་སློབ་ཁང་དུ་སྤེལ།


ཨ་མདོའི་ཡུལ་སྐད་འགྲན་སྡུར་གྱི་ཡུལ་དངོས།

       འགྲན་སྡུར་སྟེང་འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་ཆེན་མོ་སྟོབས་ལྡན་དང་མགོན་པོ་ཚེ་རིང་། དགེ་རྒན་ཆེན་མོ་བསོད་ནམས་དོན་གྲུབ། རིན་ཆེན་བཀྲ་ཤིས་བཅས4དཔྱད་འདེམ་པར་ཕེབས་ཡོད་ལ། རྒྱ་ཆེའི་སློབ་གྲོགས100ལྷག་འགྲན་རར་ཞུགས་ཤིང་། འགྲན་སྡུར་དུ་ཞུགས་པའི་སློབ་གྲོགས་ནི་དབུས་གཙང་དང་། མངའ་རིས། ཡུལ་ཤུལ་སོགས་ནས་ཐོན་པའི་སློབ་མ་ཡིན་ལ། ཁོ་ཚོའི་བཤད་པའི་ཨམ་སྐད་ལ་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གིས་ཨ་མདོའི་ཡུལ་སྐད་འགྲན་སྡུར་སྤེལ།
བྱ་དགའ་ཐོབ་པའི་སློབ་གྲོགས་ཚོ།

      ཐེངས་འདིའི་འགྲན་སྡུར་ཁྲོད་འགྲན་ཞུགས་སློབ་མ10ཡོད་ཅིང་། དགའ་མོས་དང་རེ་ལྟོས་ཀྱི་ཁྲོད་ནས་སློབ་གྲོགས་ཆོས་མཆོག་ལ་བྱ་དགའ་ཨང་དང་པོ་དང་། ཆོས་འཕེལ་དང་ཚེ་དཔག་ལྷ་མོ་གཉིས་ལ་བྱ་དགའ་ཨང་གཉིས་པ། སྐལ་བཟང་དབང་རྒྱལ་དང་བཀྲ་ཤིས། འཇིགས་མེད་རྡོ་རྗེ་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཅིང་། མཇུག་མཐར་དགེ་རྒན་ཆེན་མོའམ་འབུམ་རམས་པ་བསོད་ནམས་དོན་གྲུབ་ཀྱིས་ཐེངས་འདིའི་འགྲན་ཚོགས་ལ་སྤྱི་སྡོམ་མཛད་དེ་འགྲན་བསྡུར་བྱ་འགུལ་རྒྱལ་ཁའི་ངང་མཇུག་རྫོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།