དྲ་ཐོག་རྩོམ་བསྡུ་བྱ་འགུལ་ནང་བྱ་དགའ་ཐོབ་པ་སྤྱི་བསྒྲགས་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2013-12-25 10:32:00 ཀློག་གྲངས།:
      “དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས”དྲ་ཐོག་རྩོམ་བསྡུ་བྱ་འགུལ་དུ་བྱ་དགའ་ཐོབ་པ་སྤྱི་བསྒྲགས་བྱས།
      མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་དྲ་འབྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་དྲ་ཐོག་བྱ་དགའ་ཡོད་པའི་རྩོམ་བསྡུ་བྱ་འགུལ་སྤེལ་བ་ནས་བཟུང་། འབྲེལ་ཡོད་དྲ་ཚིགས་ཀྱིས་དུས་ཐོག་ཏུ་ཆེད་སྒྲིག་ལེ་ཚན་སྤེལ་ཏེ། བརྩམས་ཆོས་སྣ་ཚོགས་ལ་རྩོམ་སྒྲིག་བྱས་པ་དང་། རྒྱ་ཆེའི་དྲ་འཇུག་མཁན་གྱིས་སྤྲོ་སྣང་ཆེན་པོས་བརྩམས་ཆོས་སྣ་ཚོགས་བསྐུར་བས། ཟླ11པའི་ཚེས30ཉིན་བར་བརྩམས་ཆོས2000ལྷག་འབྱོར། བརྩམས་ཆོས་འདེམས་བཤེར་གོ་རིམ་ནང་། རྩོམ་བཤེར་ཚོགས་པས་འདྲ་མཉམ་དང་དྲང་བདེན་གྱི་རྩོམ་འདེམས་རྩ་འཛིན་ལྟར། རགས་འདེམས་དང་ཐོག་འདེམས། མཐའ་འདེམས་བཅས་གོ་རིམ་ནང་གཟབ་ནན་དང་ཞིབ་ཚགས་ཀྱི་འདེམས་བཤེར་བརྒྱུད་དེ། བྱ་དགའ་ཡོད་པའི་བརྩམས་ཆོས71དང་། ཆེས་ཕུལ་བྱུང་རྩ་འཛུགས་བྱ་དགའ4དང་། ཕུལ་བྱུང་རྩ་འཛུགས་བྱ་དགའ2བཅས་འདེམས་ཐོན་བྱུང་།
བྱ་དགའ་ཐོབ་པའི་གནས་ཚུལ་གཤམ་གསལ།
དང་པོ། རྒྱ་ཡིག་གི་བྱ་དགའ་ཐོབ་མཁན་ཀྲུང་གོའི་བོད་ཀྱི་དྲ་བའི་རྒྱ་ཡིག་སྤྱི་བསྒྲགས་སུ་གསལ།
གཉིས་པ། བོད་ཡིག་གི་བྱ་དགའ་ཐོབ་མཁན་གཤམ་ལྟར།
ཨང་དང་པོ། བསོད་ནམས་བརྟན་པ།
ཨང་གཉིས་པ། བིས་མདོ་ད་ཆོས་སྐྱོང་སྐྱབས། བུ་ཚེ་རིང་རྒན་པ། རྟ་མགྲིན་ཚེ་རིང་། བསོད་ནམས་ཚེ་རིང་།
ཨང་གསུམ་པ། འབྲོག་སྐྱེས་སྐར་ཆེན། བིས་མདོ་བ་ཆོས་སྐྱོང། ཚེ་རིང་འཚོ། དབང་གྲགས་རྒྱལ། གངས་བསམ། བསོད་ནམས་རིན་ཆེན། ཨ་རྟ་མགྲིན་རྒྱལ། ཚེ་རིང་རྣམ་རྒྱལ་བཅས་ཡིན།
གསུམ་པ། ཆེས་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པའི་ལས་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀྲུང་གོའི་བོད་ཀྱི་དྲ་བ། མི་དམངས་དྲ་བ་མཚོ་སྔོན་དྲ་ཚན། ཞིང་ཆེན་ཐད་གཏོགས་བཟོ་ཨུའི་དྲིལ་བསྒྲགས་པུའུ།
བཞི་བ། ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པའི་ལས་ཁུངས། ཞིང་ཆེན་ལས་བྱེད་རྒན་པ་ཅུའི་ལས་ཁུངས་ཏང་ཨུ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དྲིལ་བསྒྲགས་པུའུ་བཅས་ཡིན།
འབྲེལ་གཏུག་བྱེད་ས། 553137629@qq.com

“དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས”དྲ་ཐོག་བྱ་དགའ་ཡོད་པའི་རྩོམ་བསྡུའི་འདེམས་བཤེར་ཚོགས་པས།
2013ལོའི་ཟླ12པའི་ཚེས23ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།