ལྷ་སར་བོད་ཀྱི་ལག་བརྡའི་ཟབ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-02 11:06:00 ཀློག་གྲངས།:

西藏拉萨首次开展藏手语培训班——填补藏手语空白
བོད་ཀྱི་ལག་བརྡ་ཟབ་སྦྱོང་བྱེད་བཞིན་པའི་ཡུལ་དངོས།

  ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐད་བརྡ་སྤྲོད་མི་ཐུབ་པའི་དབང་བོ་སྐྱོན་ཅན་རྣམས་ལ་ཕན་ཚུན་ལབ་གླེང་གི་སྟེགས་བུ་ཞིག་བསྐྲུན་པ་དང་རྒྱ་ཆེའི་དབང་བོ་སྐྱོན་ཅན་རྣམས་ལ་ཞབས་ཞུ་གང་ལེགས་འདོན་སྤྲོད་བྱ་ཆེད་ལག་བརྡའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་རེད།
  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ཟླ3རིང་དུ་སྤེལ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་ལག་བརྡའི་སློབ་ཁྲིད་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་དགེ་རྒན་རྣམས་གདན་འདྲེན་བྱས་ནས་གཙོ་བོ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་སྤྱོད་ཆེ་བའི་ཐ་སྙད་དང་། གྲངས་ཀ། མིང་བརྡ་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད།
  བོད་ཀྱི་ལག་བརྡའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས་པ་དེས་བོད་ཀྱི་ལག་བརྡ་མེད་པའི་སྟོངས་ཆ་བསྐངས་ཐུབ་པར་མ་ཟད།བོད་ཀྱི་ལག་བརྡའི་ཁྱབ་སྒྲོག་དང་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་སྐུད་འདེད་བྱེད་པ་སོགས་སུ་དགེ་མཚན་ཆེན་པོ་ལྡན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།