མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:སྐལ་བཟང་མེ་ཏོག་སློབ་གསོ་རོགས་ས ཡོང་ཁུངས།:མཚོ་སྔོན་པོ་དྲབ། དུས་ཚོད།:2014-01-04 10:55:00 ཀློག་གྲངས།:

  1.སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ་བཙུགས་པ།
  སྤྱི་ལོ2005ལོའི་ཟླ2པའི་ཚེས9ཉིན།  སྐལ་བཟང་མེ་ཏོག་ནུབ་རྒྱུད་སློབ་རོགས་དྲ་ཚིགས་དངོས་སུ་དྲ་སྟེང་དུ་བུད་པའི་ཉིན་དེ་ནི་སྐལ་བཟང་མེ་ཏོག་གི་སྐྱེས་སྐར་ཡིན་པས། བརྩེ་བ་རྒྱུན་རིང་གི་གླུ་སྒྲ་གང་སར་ཁྱབ།
  སྤྱི་ལོ2009ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་འགན་འཁུར་ཏེ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཐོ་འགོད་བྱས་ནས་ཁེ་གཉེར་རང་བཞིན་མ་ཡིན་པའི་དམངས་ཁྲོད་སྤྱི་ཕན་རྩ་འཛུགས་ཏེ། མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ་དངོས་སུ་དབུ་བརྙེས།
  2.སྐལ་བཟང་མེ་ཏོག་གི་དོན་སྙིང་།
  སྐལ་བཟང་མེ་ཏོག་ནི་མཚོ་བོད་མཐོ་སྒང་ནས་ཚེ་སྲོག་འབུས་ཤིང་གཉོམ་ལག་རྒྱས་པའི་རི་སྐྱེས་མེ་ཏོག་ཅིག་ཡིན་ལ། ཁོས་བརྩེ་བ་དང་བཀྲ་ཤིས་མཚོན་པ་དང་།  མཚོ་བོད་མཐོ་སྒང་སྟེང་གི་བྱིས་པ་ཚོའི་འབྱུང་འགྱུར་གྱི་རྟགས་མཚན་ཀྱང་མཚོན། ང་ཚོས་བརྩེ་སེམས་ཁྲི་སྟོང་གིས་གྲུབ་པའི་དམངས་ཁྲོད་ཀྱི་མ་རྐང་རྩ་འཛུགས་འདིའི་མིང་ལ་སྐལ་བཟང་མེ་ཏོག་ཅེས་མིང་གསོལ། ཁོས་ཀྱང་མཐོ་སྒང་གི་སྐལ་བཟང་མེ་ཏོག་ནང་བཞིན། འཛིན་མའི་གཞི་ཁྱོན་ཀུན་ཏུ་རྒྱུན་ཆད་མེད་པར། མི་ཆེས་མང་པོ་ཞིག་གི་སེམས་ཁོང་དུ་ལྷམ་མེར་བཞད་རྒྱུ་ནི་ང་ཚོའི་རེ་བ་ཡིན།
  3.ཚོགས་པའི་དམིགས་ཡུལ།
  རོགས་སྐྱོར་བྱ་ཡུལ་དང་། མཉམ་ལས་བྱེད་མཁན་ལ་སྐལ་བཟང་མེ་ཏོག་གིས་དྲོད་འཇམ་དང་། ཡིད་ཆེས། རེ་བ། རོགས་རེས། མཛའ་བ་སོགས་མཛེས་སྡུག་གི་བརྩེ་སེམས་འཐོབ་ཏུ་འཇུག་པ་དང་། ཚེ་སྲོག་གི་དོན་སྙིང་དང་རིན་ཐང་ཡང་མྱོང་དུ་བཅུག་ནས། སྐལ་བཟང་མེ་ཏོག་གི་བསམ་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས།
  4.ཚོགས་པའི་འགན་ཁུར།
  ནུབ་རྒྱུད་ཀྱི་སློབ་གསོར་ཐུགས་ཁུར་གནང་སྟེ། ནུབ་རྒྱུད་ཀྱི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་རོགས་རམ་བྱ་རྒྱུ།
  5.སྐལ་བཟང་མེ་ཏོག་གི་འདས་སོང་།
  མཚོ་སྔོན་རྨང་རྐང་བྱས་ཏེ། ལོ་ངོ་བརྒྱད་ལ་ནུབ་རྒྱུད་ལོ་ཆུང་བྱིས་པར་སློབ་དངུལ་རོགས་སྐྱོར་བྱས།
  སྤྱི་ལོ2005ལོར་དབུ་བརྙེས་པ་ནས་བཟུང་། ནུབ་རྒྱུད་སློབ་དངུལ་རོགས་སྐྱོར་རྒྱ་ཆེར་སྤེལ་བ་ལ། ནུབ་རྒྱུད་ལོ་ཆུང་བྱིས་པར་སྤྱི་སྡོམ་དངོས་རྫས་སྣ་ཚོགས་དང་མ་དངུལ་སྒོར་ཁྲི་དྲུག་སྟོང་ལྷག་གི་ཞལ་འདེབས་ཕུལ་བ་དེ། ལོ་ཆུང་གཞོན་ནུ་ཁྲི20ཙམ་ལ་རོགས་སྐྱོར་ཐོབ། ཉེ་ལམ་སྐལ་བཟང་མེ་ཏོག་གི་ཞལ་འདེབས་རོགས་སྐྱོར་མི་ཐེངས་ཁྲི20ལས་བརྒལ་ཟིན།(འདི་སྤྱི་ལོ2013ལོའི་ཟླ2པའི་ཚེས19ཉིན་བར་གྱི་གཞི་འཛིན་སྡོམ་རྩིས་ཡིན།)
ལས་སྒྲུབ་མི་སྣ་དང་། དང་བླངས་མི་སྣ། ཡང་ན་ཞལ་འདེབས་རོགས་སྐྱོར་མི་སྣ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཁྱབ་ཡོད་པ་དང་། ལས་རིགས་སྣ་སོ་སོའི་མི་སྣ་ཡིན། སྔ་གཞུག་ཏུ་ཟི་ལིང་དང་། པེ་ཅིན། ཧྲང་ཧེ། ཐེན་ཅིན། ཧྲིན་ཀྲིན། སུའུ་ཀྲོའུ། ཁྲང་ཀྲོའུ། ཀྲིན་ཅང་། ཧི་ཧྥེ་སོགས་ས་ཆའི་གྲོང་ཁྱེར་ན་དང་བླངས་མི་སྣའི་ཚོགས་པ་བཙུགས་ཡོད་པ་དང་། དེ་མིན་ཅང་སུའུ་དང་། ཐེན་ཅིན། ཨན་ཧེ། ཀན་སུའུ་བཅས་ཞིང་ཆེན་བཞི་ན་མཐོ་སློབ་དང་བླངས་མི་སྣའི་ཚོགས་པ་བཙུགས་ཡོད། གྲོང་ཁྱེར་ལས་སྒྲུབ་ས་ཚིགས་དང་མཐོ་སློབ་ཚོགས་པའི་བརྒྱུད་སྒྲོག་བསམ་བློའི་བྱས་རྗེས་ཕུལ་ཡོད་ལ། སྤྱི་ཕན་འདུ་ཤེས་རྒྱ་ཆེར་སྤེལ་ཡོད་པ་རེད།
  6.སྤྱི་ཚོགས་ཀྱི་གདེང་འཇོག
  སྐལ་བཟང་མེ་ཏོག་གི་ལོ་ངོ་བརྒྱད་ལས་བརྒལ་བའི་བྱ་བར་མུ་མཐུད་དུ་སྨྱན་གཟུགས་ཀྱི་ཐུགས་ཁུར་བྱ་ཡུལ་དུ་གྱུར། ཤིན་ཧྭ་གསར་འགྱུར་ཁང་དང་། མི་དམངས་ཉིན་རེའི་ཚགས་པར། ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོའི་སྲིད་གཞུང་དྲ་ཚིགས། ཀྲུང་གོའི་གཞོན་ནུ་ཚགས་པར། ཀྲུང་གོའི་མི་རིགས་ཚགས་པར། འོད་ཟེར་ཚགས་པར་སོགས་ཀྱིས་རྒྱལ་ཕྱི་ནང་དུ་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས། སྡོམ་རྩིས་བྱས་པ་ཆ་ཚང་མིན་ཀྱང་། སྔ་གཞུག་ཏུ་སྨྱན་གཟུགས་ཁང100ལྷག་གིས་ཐེངས300ལྷག་ལ་ཁྱབ་བསྒྲགས་བྱས། དེའི་ནང་དུ་རྒྱལ་ཁབ་རིམ་པས་ཐེངས35ལ་ཁྱབ་བསྒྲགས་བྱས་པ་དང་། ཕྱིའི་སྨྱན་གཟུགས་ཀྱིས་ཐེངས4ལ་ཁྱབ་བསྒྲགས་བྱས།
  7.སྐལ་བཟང་མེ་ཏོག་གིས་ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ་བླངས་པའི་གཟེངས་རྟགས་ནི།
  (1)2012ལོའི་དམངས་སྲིད་པུའུ་ཁྱད་འཕགས་དང་བླངས་བྱ་བའི་དཔེར་མཚོན་གྱི་བྱ་དགའ་ཨང་དང་པོ་བླངས།
  (2)2011ལོའི་ཀྲུང་གོའི་བྱམས་སེམས་གྱི་སྒྲིག་གཞི་བཅུའི་སྐུལ་འདེད་བཏང་། (《ཀྲུང་གོ་བྱམས་སེམས་ཅན》དུས་དེབ།)
  (3)2011ཡེའུ་ཐེབས་རྩ“དམངས་ཁྲོད་རྒུད་སྐྱོབ་བྱ་དགའ”ཐོབ།(ཧྲིན་ཀྲིན་ཡེའུ་ཐེབས་རྩ་སྤྱི་ཕན་ཐེབས་རྩ་ཚོགས་པ།)
  (4)2010ལོའི“ཀྲུང་གོ་སྤྱི་ཕན—དམངས་ཁྲོད་སྤྱི་ཕན་རྩ་འཛུགས་འབུར་ཐོན་ལོ་འཁོར་བརྩེ་སེམས་བྱ་དགའ”ཐོབ། (ཀྲུང་གོ་སྤྱི་ཕན་རྩ་འཛུགས་ཨུ་ཡོན་ལྷན་ཁང་།)
  (5)2010ལོའི་སྐབས་དང་པོའི་ཀྲུང་གོའི་སྤྱི་ཚོགས་གསར་གཏོད་བྱ་དགའ“ཁྱད་ཐོན་བྱ་དགའ”ཐོབ། (ཀྲུང་གོའི་སྤྱི་ཚོགས་གསར་གཏོད་བྱ་དགའ་རྩ་འཛུགས་ཨུ་ཡོན་ལྷན་ཁང་།)
  (6)2010ལོའི“ཕོ་ཉ་སི་ཁུག་སློབ་རོགས་འགུལ་སྐྱོད” “སློབ་རོགས་ཕོ་ཉའི”བྱ་དགའ་ཐོབ། (འཇོན་མི་ཚོགས་ཁག་དང་། དེ་རིང་མཛེས་རྩལ་ཁང་། སི་ཁུག ཞུན་ལིང་དྲ་བ། ཡུག་མུས་དྲ་བ།)
  (7)2010ལོའི“ཞིན་འཛམ་གླིང”སྤྱི་ཕན་གསར་གཏོད་བྱ་དགའ་དང་འཕེལ་རྒྱས་བྱ་དགའ་ཨང་གཉིས་པ་ཐོབ། (དམངས་སྲིད་པུའུ་སྤྱི་ཚོགས་ཕན་བདེ་དང་བྱམས་སེམས་ལས་དོན་ཡར་སྐུལ་ཟི། ཡུན་ཐིག་ཨར(ཀྲུང་གོ)ཚད་ཡོད་ཀུང་ཟི།)
  8.སྐལ་བཟང་མེ་ཏོག་གི་ཁག་ཐེག
  བྱང་སེམས་ཀྱིས་ཕུལ་བའི་སྒོར་མོ་གར་འགྲོ་རྩད་གཅོད་གསལ་བོར་བྱ་རྒྱུ།
  བྱིས་པ་རེ་རེ་བཞིན་རྗེས་འདེད་བྱས་ཏེ། རྒྱུས་ལོན་གསལ་གསལ་རྗེན་རྗེན་བྱ་རྒྱུ།
  གཡོ་ཟོལ་བྲལ་བའི་སྒོ་ནས་སྒྲིག་ཁྲིམས་རང་ཁུར་བྱ་རྒྱུ།
  9.སྐལ་བཟང་མེ་ཏོག་གི་འགུལ་སྐྱོད།
  བསླབ་བྱའི་འགན་ཁུར་ཡོངས་འགྲུབ་བྱས་ཏེ་སློབ་མའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།
  རོགས་སྐྱོར་མ་དངུལ། མཐོ་འབྲིང་སློབ་མར་ལོ་རེར་སྒོར1500རེ། གཞན་བྱ་བའི་གྲོན་དངུལ5%བསྣན་ན། སྤྱི་སྡོམ་སྒོར1575ཡོད།
  རོགས་སྐྱོར་བྱ་ཡུལ།  ཁྱིམ་ཚང་གི་འཚོ་བ་དཀའ་ཁག་ཅན། སློབ་གྲྭར་སོང་ན་འདོད་མཁན། སློབ་སྦྱོང་ལ་གྲུབ་འབྲས་འབུར་ཐོན་ཅན་བཅས་ཡིན།
  མིག་རྒྱ་བསྐྱེད་པ་དང་ནུས་རྩལ་སྦྱོང་བརྡར་གྱི་རིགས།
  ནུབ་རྒྱུད་ཞིང་འབྲོག་གི་བྱིས་པ་རྩ་འཛུགས་བྱས་ཏེ། རྒྱལ་ནང་གི་གྲོང་ཁྱེར་དང་། ལེ་དབར་སྟོང་གིས་ཆོད་པའི་བྱང་ཐང་དང་མཛེས་སྡུག་གི་རྩྭ་ཐང་སོགས་སུ་ཁྲིད་དེ་ལྟ་རྒྱ་ཇེ་ཆེ་དང་། འབྲེལ་འདྲིས་ཀྱི་ནུས་པ་ཇེ་མཐོར་གཏོང་བར་ཕན་ཁེ་བསྐྲུན་པའོ།།
  ལོ་ཆུང་བུ་མོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྣེ་ཁྲིད་བྱ་འགུལ་སྤེལ་བ།
  སྤྱི་ཕན་འཚམས་འདྲི་བྱ་འགུལ་དང་། ཕན་ཚུན་རོགས་རེས་ཀྱི་མཉམ་ལས་བྱ་འགུལ་སྤེལ་བའོ།།
  སྐལ་བཟང་མེ་ཏོག་ཚོགས་པའི་ནང་དུ་ཞུགས་པར་དགའ་བསུ་ཞུ།
  10.སྒྲིག་གཞི་ཚགས་ཡིག
  དྲ་གནས། 
  11.བྱང་ཐོ་ཚགས་ཡིག
  ཐོ་མིང་།  མཚོ་སྔོན་སྐལ་བཟང་མེ་ཏོག་སློབ་གསོ་རོགས་སྐྱོར་ཚོགས་པ།
  དངུལ་བྱང་ཨང་གྲངས།  2800 3001 0400 11830
  ཐོ་འགོད་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཡན་ལག་དངུལ་ཁང་།
  ཁྱེད་ཉིད་ལ་གསལ་འདེབས་བྱ་རྒྱུ་ནི།
  སྐལ་བཟང་མེ་ཏོག་ནི་སྒྲིག་གཞི་རང་ཉིད་ཐོ་འགོད་བྱས་པའི་སྤྱི་ཕན་བྱམས་སེམས་རིགས་ཀྱི་ཚོང་རྟགས་ཀྱི་མིང་ཡིན། སྒྲིག་གཞི་འདི་ནི་གཤམ་གྱི་ཚོང་རྟགས་ཁོ་ནར་དབང་བ་ཡིན། ལས་རིགས་འདི་རྒྱལ་ཁབ་ཚོང་རྟགས་ཅུའུ་ཡི་ཆོག་མཆན་ཐོབ་པའི་སྤྱི་ཕན་བྱམས་སེམས་རིགས་ཀྱི་ཚོང་རྟགས་ཐོ་འགོད་བྱས་པ་ཞིག་ཡིན། གོང་གི་དྲ་ཚིགས་ཀྱི་མིང་དང་ཚོང་རྟགས་གསུམ་པོ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་རྟགས་བཅའ་ཁྲིམས》ཀྱིས་སྲུང་སྐྱོབ་ཐོབ་ཡོད། ངེད་ཚོགས་པས་ཡིག་སྟེང་ནས་ཁས་ལེན་མ་བྱས་ན། རྩ་འཛུགས་དང་མི་སྒེར་གང་རུང་གིས་སྐལ་བཟང་མེ་ཏོག་གི་མིང་སྟེང་ནས་བྱ་འགུལ་སྣ་ཚོགས་སྤེལ་མི་ཆོག
  སྐལ་བཟང་མེ་ཏོག་གིས་སྐུ་ཉིད་ནང་དུ་ཞུགས་པར་རེ་སྒུག་བྱས་ཡོད། སྐལ་བཟང་མེ་ཏོག་གང་སར་བཞད་པས་ན། དེ་རུ་བརྩེ་བ་དང་བྱམས་བརྩེའི་མཛེས་སྡུག་གི་འཇའ་ཚོན་ཡོད་སྲིད་ལ། བདེ་སྐྱིད་དང་དགོད་སྒྲའི་གླུ་སྒྲའང་ཡོད་སྲིད།                                     


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།