ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་ཀྱིས《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་འགྱུར་མའི་སྒྱུར་སྒྲིག་བྱ་བ་མགོ་བརྩམས་པ།
བོད་ལྗོངས་ཀྱིས《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་འགྱུར་མའི་སྒྱུར་སྒྲིག་བྱ་བ་མགོ་བརྩམས་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-07 11:23:00
ཀློག་གྲངས།:
རྒྱུས་ལོན་པ་ལྟར་ན། ཉེ་ལམ་བོད་ལྗོངས་ཀྱིས《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་འགྱུར་མའི་སྒྱུར་སྒྲིག་བྱ་བ་མགོ་བརྩམས་པ་རེད། འདི་ནི《ཀྲུང་གོའི་རིག་མཛོད་ཆེན་མོ》ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་སྐད་རིགས་གསུམ་པ་དེ་ཡིན།
བོད་ལྗོངས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོའམ་ཐེངས་འདིའི་སྒྱུར་སྒྲིག་བྱ་བའི་གཙོ་འགན་པ་ཚེ་བརྟན་བཀྲ་ཤིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། 《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་ཡིག་ཏུ་སྒྱུར་བ་ནི་བོད་ལྗོངས་སློབ་ཆེན་གྱིས་བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་ཅུའུ་དང་མཉམ་འབྲེལ་སྒོས་སྒྱུར་སྒྲིག་དང་པར་སྐྲུན་འགྲེམ་སྤེལ་བྱེད་པ་ཡིན། སྔོན་དཔག་བྱས་པ་ལྟར་ན་ལོ་ལྔའི་ནང་ལེགས་འགྲུབ་འབྱུང་ངེས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མི10དུས་སྔོན་སྒྱུར་སྒྲིག་གི་བྱ་བར་ཞུགས་ཡོད་ཅིང་། གཙོ་ཆེར་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་དང་། ཞིབ་འཇུག་སློབ་མ། དེ་མིན་བོད་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སོགས་འདུས། སྒྱུར་སྒྲིག་བྱ་བ་ཇེ་མང་སོང་བ་དང་བསྟུན་ཏེ་བོད་རིག་པའི་ཞིབ་འཇུག་ཁང་གིས་སྒྱུར་སྒྲིག་བྱ་བའི་མི་གྲངས་ཇེ་མང་དུ་གཏོང་རྒྱུ་རེད།
ཚེ་བརྟན་བཀྲ་ཤིས་ཀྱིས་བཤད་རྒྱུར། 《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་འགྱུར་མ་འདིའི་སྒྱུར་སྒྲིག་དང་པར་སྐྲུན་འགྲེམ་སྤེལ་བྱ་བ་འདིས་བོད་སྐད་ཡིག་གི་ཐ་སྙད་བརྡ་ཆད་མཛོད་སྔར་ལས་ཕུན་སུམ་ཚོགས་པར་བྱེད་ཅིང་། བོད་སྐད་ཡིག་གི་ཁྱིམ་རྒྱུད་ཀྱང་སྔར་ལས་སྟོབས་ཤུགས་ལྡན་པར་འགྱུར་ངེས། 《ཀྲུང་གོའི་རིག་མཛོད་ཆེན་མོ》ཁྲོད་དུ་མཚན་ཉིད་རིག་པ་དང་། ཕྱི་རྒྱལ་གྱི་རྩོམ་རིག འཛམ་གླིང་ས་ཁམས་སོགས་དཔེ་ཆས་ལས་བྱུང་བའི་ཐ་སྙད་ཁྲི་སྟོང་མང་པོར་ལྟོས་བཅས་ཀྱི་བོད་ཡིག་ཐ་སྙད་དམ་བརྗོད་ཚུལ་མེད་ལ། ལོ་ལྔའི་ནང་། སྒྱུར་སྒྲིག་མི་སྣས་བརྡ་ཆད་གསར་བའི་བོད་ཡིག་ཡིག་སྒྱུར་ཐད་བགྲོ་གླེང་གཏིང་ཟབ་བྱས་མཐར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཁྲིད་སྟོན་ལྷན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་གནང་དགོས་པ་ཡིན།
《ཀྲུང་གོའི་རིག་མཛོད་ཆེན་མོ》བོད་འགྱུར་མ་ནི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་སོ་སོའི་སློབ་གྲྭ་དང་དཔེ་མཛོད་ཁང་། སྡེ་བའི་དཔེ་ཁང་། དགོན་པའི་དཔེ་ཁང་སོགས་སུ་རྒྱ་ཆེར་འགྲེམ་སྤེལ་བྱ་ངེས།
2011ལོར། ཡུ་གུར་དང་ཧ་ཟག་སྐད་ཀྱི《ཀྲུང་གོའི་རིག་མཛོད་ཆེན་མོ》སྒྱུར་སྒྲིག་བྱ་བ་སྤེལ་ཞིང་། དེ་ནི་ཀྲུང་གོས་ཐོག་དང་པོར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་ཏེ་པར་བསྐྲུན་འགྲེམ་སྤེལ་བྱས་པའི《ཀྲུང་གོའི་རིག་མཛོད་ཆེན་མོ》ཡིན།
1772ལོར། ཧྥ་རན་སི་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་བ་ཏེ་ཏིག་ལོ་ཡིས་ཧྥུ་ཨར་ཐེ་དང་ལུའུ་སོའོ་སོགས་ཤེས་ཡོན་པ20ལྷག་གི་རྒྱབ་སྐྱོར་འོག འཛམ་གླིང་དུ《རིག་མཛོད་ཆེན་མོ》ཐོག་མ་སྒྲིག་རྩོམ་དང་པར་བསྐྲུན་བྱས། 2009ལོར། ལོ་ངོ14ཡི་དུས་ཡུན་སྤྱད་པའི་པར་གཞི་གཉིས་པ་སྟེ《ཀྲུང་གོའི་རིག་མཛོད་ཆེན་མོ》སྒོར་ཐོན་པ་དང་། པོད36དང་ཡིག་འབྲུ་ཁྲི6000འདུས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།