དཔའ་རིས་རྫོང་གིས་སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་གཏམ་བཤད་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-08 10:03:00 ཀློག་གྲངས།:

甘肃举办第二届中小学幼儿园“藏语演讲”竞赛活动
དཔའ་རིས་རྫོང་གིས་སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་གཏམ་བཤད་འགྲན་སྡུར་སྤེལ་བ།

  ཉེ་ཆར། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་རྫོང་ཡོངས་ཀྱི་སྐབས་གཉིས་པའི་བོད་རྒྱ་སྐད་གཉིས་སློབ་འབྲིང་དང་སློབ་ཆུང་། བྱིས་སྐྱོང་ཁང་བཅས་ཀྱི་བོད་སྐད་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་རེད།
  ཚ་ཚ་འུར་འུར་གྱི་འགྲན་སྡུར་བརྒྱུད་ནས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་ནས་སྐྱེལ་ཡོང་བའི་བོད་སྐད་ཀྱི་གནའ་གཏམ་དང་། ཁ་ཤགས། གར་ཆུང་སོགས་ཀྱི་འཁྲབ་ཚན30ལ་བྱ་དགའ་ཐོབ་པ་རེད།
  ཐེངས་འདིའི་བོད་སྐད་འགྲན་སྡུར་ཁྲོད་འགྲན་ཞུགས་པ་རྣམས་ཀྱི་སྨྲ་ལྕེ་དག་མོ་དང་། དགོད་ཁ་སློང་བའི་འཁྲབ་སྟོན། སློབ་གསོའི་དོན་སྙིང་ལྡན་པའི་གཏམ་བཤད་ཀྱི་ནང་དོན་ལ་རྒྱ་ཆེའི་དགེ་སློབ་དང་དཔྱད་འདེམ་པ་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ་ཅིང་། སྐད་གཉིས་འགྲན་སྡུར་གྱིས་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བའི་ཁར། སློབ་གྲོགས་རྣམས་ཀྱིས་མི་རིགས་སྐད་ཡིག་རྒྱུན་འཛིན་དང་སློབ་སྦྱོང་བྱེད་པའི་བརྩོན་སེམས་སྔར་ལས་ལྷག་པར་བསྐུལ་ཐུབ་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།