ཟི་ལིང་གངས་རྒྱན་སློབ་གྲྭའི2014ལོའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་ས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-09 08:49:00 ཀློག་གྲངས།:

ཟི་ལིང་གངས་རྒྱན་སློབ་གྲྭའི2014ལོའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ་བསྡུས་པ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱིས་མཐོ་འབྲིང་གི་རྒྱུགས་ལ་ཞུགས་པའི་སློབ་མ་
རྣམས་ལ་མཐོ་རྒྱུགས་ཀྱི་རྩོམ་ཡིག་ཇི་ལྟར་འབྲི་དགོས་པའི་སྐོར་སློབ་ཁྲིད་གནང་བཞིན་པའི་ཚུལ།

      ཟི་ལིང་གངས་རྒྱན་སློབ་གྲྭའི་སྐབས་གཉིས་པའི་མཐོ་གསུམ་གསབ་སྦྱོང་འཛིན་གྲྭ2014ལོའི་ཟླ1ཚེས8ཉིན་དངོས་སུ་སློབ་ཁྲིད་ཀྱི་མགོ་བརྩམས་པ་ཡིན།
      ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་རིག་ཚན་འཛིན་གྲྭ་དང་རྩིས་ཚན་འཛིན་གྲྭ་གཉིས་སུ་དགར་ཡོད་ལ། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམས་ནི་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་སོགས་ནས་ལོ་རེའི་མཐོ་རྒྱུགས་རྒྱུགས་གཞི་དང་རྒྱུགས་གཞི་དག་བཅོས་ལ་འབྲེལ་བ་དམ་པོ་ཡོད་པའི་མི་སྣ་དག་གདན་ཞུ་བྱས་ཡོད་པ་མ་ཟད། ཟི་ལིང་གྲོང་ཁྱེར་ན་མིང་གྲགས་ཡོད་པའི་མཐོ་འབྲིང་སློབ་གྲྭ་ཁག་གི་དགེ་རྒན་ཉམས་མྱོང་ཅན་ཡང་གང་མང་ཞིག་ཕེབས་ཡོད་དོ།།
      མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒན་ཆེན་མོ་རིག་འཛིན་ལགས་ཀྱིས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་ནས་སློབ་མ་རྣམས་ལ2011ལོ་དང་2012ལོ་གཉིས་ཀྱི་རྒྱུགས་གཞི་གཙོར་བཟུང་སྟེ་རྩོམ་ཡིག་གི་ཁ་བྱང་དང་མགོ་མཇུག་བར་གསུམ་གྱི་བརྗོད་དོན་གདམ་སྟངས་སོགས་སློབ་ཁྲིད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།