ཟི་ལིང་གངས་རྒྱན་སློབ་གྲྭས་མཐོ་གསུམ་སློབ་མར་རྒྱ་ཡིག་གི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་ས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-12 08:46:00 ཀློག་གྲངས།:


ཟི་ལིང་གངས་རྒྱན་སློབ་གྲྭས་མཐོ་གསུམ་སློབ་མར་རྒྱ་ཡིག་གི་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

      ཟླ1པོའི་ཚེས10ཉིན། ཟི་ལིང་གངས་རྒྱན་སློབ་གྲྭས་དུས་ཡུན་རིང་བོའི་ནང་དུ་ཕྱོགས་ཀུན་ལ་རྩད་གཅོད་བྱས་ནས་ལག་སོན་བྱུང་བའི་དགེ་རྒན་ཁྲིན་ལགས་གདན་ཞུ་བྱས་ཏེ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ལ་རྒྱ་ཡིག་གི་སློབ་ཁྲིད་བྱེད་པ་ཡིན་ལ། དགེ་རྒན་ཁྲིན་ལགས་ནི་ལོ་གང་མང་ལ་མཐོ་གསུམ་གྱི་སློབ་མར་སློབ་ཁྲིད་བྱས་མྱོང་བ་མ་ཟད། རྒྱ་ཡིག་གི་མཐོ་རྒྱུགས་དང་མཐོ་འབྲིང་གི་རྒྱ་ཡིག་བསླབ་གཞི་ཀུན་ལ་བྱང་ཆ་ཕུན་སུམ་ཚོགས་པས་ཟི་ལིང་གྲོང་ཁྱེར་ནའང་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཡོད་དོ།།

      དགེ་རྒན་ཁྲིན་ལགས་ཀྱིས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་ནས་སློབ་མ་རྣམས་ལ་རང་གིས་དུས་ཡུན་རིང་བོར་གྲ་སྒྲིག་དང་ཕྱོགས་བསྡུས་བྱེད་པའི་བསྐྱར་སྦྱོང་རྒྱུགས་གཞི་དེ་སློབ་མ་རྣམས་ལ་སློབ་ཁྲིད་གནང་བ་ཡིན།
དགེ་རྒན་ཁྲིན་ལགས་ཀྱི་སློབ་ཁྲིད་ཐབས་ལམ་དང་ཕྱོགས་བསྡུས་སྦྱངས་གཞི་ཡིས་སློབ་མ་ཀུན་གྱི་བློ་སྒོ་སྔར་ལས་ལྷག་པར་དཀྱེལ་ཡངས་པར་བྱེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།