ས་གྲུ་བཞི་ཁ་སྒང་ཞོལ་མའི་རིན་མེད་གསབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་སྤེལ་བ།
དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
ཉེ་ལམ། སྡེ་བའི་བྱིས་པ་རྣམས་ཀྱི་རྨང་གཞིའི་སློབ་གསོ་སྔར་ལས་མཐོར་འདེགས་སུ་གཏོང་བར། ལོ་རེའི་དབྱར་གནང་དང་དགུན་གནང་ཐོན་ལ་ཉེ་དུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ས་གྲུ་བཞི་ཡུལ་ཚོའི་ཁ་སྒང་ཞོལ་མའི་སྡེ་མི་ཨུ་ཡོན་ལྷན་ཚོགས་དང་ལོ་ལོན་རྒན་པ་རྣམས་ཀྱིས་ཆེད་དུ་སྡེ་བའི་སློབ་ཆེན་སློབ་མ་སོགས་རྩ་འཛུགས་སྒོས་ས་གྲུ་བཞི་ཁ་སྒང་ཞོལ་མའི་སློབ་ཆུང་དུ་རིན་མེད་གསབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་སྤེལ་བ་རེད།
དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་གྲ་སྒྲིག་འཛིན་གྲྭ་ནས་སློབ་རིམ་དགུ་བའི་བར་གྱི་སློབ་ཆུང་སློབ་མ་དག་འདུས་ཤིང་། གཙོ་ཆེར་བོད་ཡིག་དང་རྒྱ་ཡིག རྩིས་རིག་བཅས་སློབ་ཁྲིད་བྱེད་པ་ཡིན། དུས་ཡུན་ནི2014ལོའི་ཟླ1པོའི་ཚེས8ཉིན་ནས་ཚེས26བར་སྤེལ་རྒྱུ་རེད།
སློབ་མ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སློབ་ཁྲིད་ལ་ཉན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com