བོད་ལྗོངས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་ཞིབ་འཇུག་ཁང་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-17 11:19:00 ཀློག་གྲངས།:

西藏成立贝叶经研究所——解码千年的“佛教元典”
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་དུས་རབས11པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ།

  ཉེ་ཆར། བོད་ལྗོངས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྔོག་འདོན་དང་། མྱུར་སྐྱོབ། ལེགས་སྒྲིག  ལོ་ཙཱ་སོགས་བྱེད་ཆེད་ཀྲུང་གོའི་ཤིང་ཏ་ལའི་ལོ་མའི་ཞིབ་འཇུག་ཁང་ཐོག་མ་བཙུགས་པ་རེད།
  བོད་ལྗོངས་ནི་འཛམ་གླིང་སྟེང་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཉར་ཚགས་བྱས་པ་ཆེས་མང་བའི་ཡུལ་ཡིན་ཞིང་། དགོན་སྡེ་དང་དངོས་མང་བཤམས་སྟོན་ཁང་། དུད་ཚང་སོགས་སུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཁྲི་ཕྲག་ཉར་ཚགས་བྱས་ཡོད་པ་རེད། རྒྱ་གར་དང་བལ་བོ་ནི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་འབྱུང་གནས་ཡིན་ཡང་། རང་བྱུང་གི་ཆ་རྐྱེན་དང་ལོ་རྒྱུས་ཀྱི་འཁྲུག་རྐྱེན་སོགས་ཀྱི་དབང་གིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་མང་བོ་ཉར་མ་ཐུབ་པ་རེད།
  རིག་དངོས་ལ་སྲུང་སྐྱོབ་དང་། ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་གཞལ་མེད་རིན་ཐང་ཡོངས་སུ་མངོན་ཆེད། བོད་ལྗོངས་ཀྱིས《བོད་ལྗོངས་སུ་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཀུན་བཏུས་པར་མ》དེབ61དང་། 《བོད་ལྗོངས་སུ་ཉར་བའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་དཀར་ཆག》དེབ4བཅས་བསྒྲིགས་ནས། རྗེས་སོར་ལྟ་ཀློག་དང་ཞིབ་འཇུག་ཐུབ་པར་འགན་སྲུང་བྱས་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།