བོད་ལྗོངས་ཀྱིས་སྣར་ཐང་དཔར་གྱི《བསྟན་འགྱུར》དཔར་ཤིང་རྐོ་ཚར་ལ་ཉེ་བ།
ཉེ་ཆར། བོད་ལྗོངས་ཀྱི་སྣར་ཐང་དཔར་གྱི《བསྟན་འགྱུར》གྱི་ལེའུ 205ཡི་དཔར་ཤིང་བརྐོས་ཚར་ལ། ལྷག་མའི་ལེའུ20དེ་སྔོན་དཔག་བྱས་པ་ལྟར་ན2015ལོར་བརྐོ་ཚར་རྒྱུ་རེད།
སྣར་ཐང་དགོན་པར་འཁྲུག་རྐྱེན་དང་རང་བྱུང་གནོད་འཚེ་སོགས་བྱུང་བའི་དབང་གིས་དཔར་ཤིང་མང་པོ་བོར་བརླག་བྱུང་ཞིང་། ཕྱིས་སུ་དགོན་པའི་གྲྭ་བཙུན་རྣམས་ཀྱིས་ནུས་ཤུགས་ཡོད་རྒུས་བཙལ་བར་བརྒྱུད་ནས་མིག་སྔའི་བར་དཔར་ཤིང9000ལ་ཉེ་བ་ལག་སོན་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱིས་དུས་རབས་འདིའི་དུས་འགོ་ནས་སྣར་ཐང་དཔར་གྱི《བསྟན་འགྱུར》ཡང་བསྐྱར་རྐོ་འགོ་བརྩམས་ཤིང་། ཉེ་བའི་ལོ་ནང་བོད་ལྗོངས་ཀྱིས《བསྟན་འགྱུར》གྱི་དཔར་ཤིང་རྐོ་བའི་བྱ་བར་ཤུགས་འདོན་བཞིན་ཡོད་པར་མ་ཟད། 《བཀའ་འགྱུར》དཔར་བའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་ཅི་ཐུབ་བྱས་ནས། བསྟན་བཅོས་ཆེན་མོར་སྲུང་སྐྱོབ་གང་ལེགས་བྱེད་པའི་ཁར། དད་ལྡན་མང་ཚོགས་ཀྱི་འདོད་བློ་ཚིམས་པར་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com