ད་ལོ་བོད་ལྗོངས་སློབ་ཆེན་དུ་སློབ་གླིང་གསུམ་གསར་འཛུགས་བྱེད་འཆར་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2014-01-21 11:27:00 ཀློག་གྲངས།:
      ཤེས་རྟོགས་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་།  སློབ་གཉེར་གྱི་ཆ་རྐྱེན་སོགས་འཐུས་ཚང་དུ་བཏང་ནས་བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་སློབ་གླིང་དང་།  ཆ་འཕྲིན་དང་ཚན་རིག་ལག་རྩལ་སློབ་གླིང་།  རྒྱལ་སྤྱིའི་རི་འཛེག་ཡུལ་སྐོར་སློབ་གླིང་བཅས་སློབ་གླིང་གསུམ་གསར་འཛུགས་བྱེད་རྒྱུའི་རེ་བ་འདུག 
      བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་དེ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཚན་པར་དངོས་སུ་གཏན་འཁེལ་བྱས་ནས་བོད་ལྗོངས་སློབ་ཆེན་དེ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཚན་པར་མངོན་འགྱུར་ཐུབ་ནས་དངོས་གཞི་དང་།  རབ་འབྱམས་པ།  འབུམ་རམས་པའི་སློབ་གནས་སྤྲོད་པའི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཡུལ་གྱི་འཐུས་ཚང་གི་མ་ལག་ཞིག་གྲུབ་ཡོད་ཅེས་གསུངས།
      ད་ལོ།  སློབ་གྲྭས་རྨང་གཞིའི་སློབ་ཚན་སྐུལ་སྤེལ་དང་དམིགས་བསལ་གྱི་ལེགས་ཆ་ལྡན་པའི་སློབ་ཚན་མཉམ་འདྲེས་བྱས་ནས་གསར་འཛུགས་བྱས་པའི་རབ་འབྱམས་པ་དང་འབུམ་རམས་པའི་གསོ་སྐྱོང་ལས་དོན་ཡག་པོ་སྤེལ་བའི་རྨང་གཞིའི་ཐོག་སློབ་གནས་ཀྱི་ཁྱབ་ཚད་རྒྱ་ཆེར་གཏོད་པ་དང་།  བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་སློབ་གླིང་དང་།   ཆ་འཕྲིན་དང་ཚན་རིག་ལག་རྩལ་སློབ་གླིང་།  རྒྱལ་སྤྱིའི་རི་འཛེག་ཡུལ་སྐོར་སློབ་གླིང་གསར་འཛུགས་བྱས་ཏེ་སྐབས་དང་པོའི་འབུམ་རམས་པའི་སློབ་བསྡུ་དང་གསོ་སྐྱོང་ལས་དོན་ལེགས་པོ་སྤེལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།