མཚོ་སྔོན་གྱིས་པེ་ཅིང་སོགས་སུ་མཉམ་འབྲེལ་བྱས་ནས་བོད་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་གོང་དུ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-19 10:15:00 ཀློག་གྲངས།:
  ཉེ་ཆར། རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་ཞིང་ཆེན་གྱིས་པེ་ཅིང་དང་ཧྲང་ཧེ། ཐན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲའེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་མཉམ་འབྲེལ་བྱས་ནས། ཁ་གཏད་རོགས་སྐྱོར་གནང་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར6གིས་ལས་རིགས་སློབ་གསོའི་ཤོག་ཁག6གཏན་འབེབས་བྱས་ཏེ་གཅིག་ཁ་གཅིག་གཏད་ཀྱི་ཐབས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་དྲུག་གི་འབྲིང་རིམ་ལས་རིགས་སློབ་གྲྭ་ལ་རོགས་སྐྱོར་གནང་རྒྱུ་རེད། དེའི་མཚུངས་སུ་ཞིང་ཆེན་དང་གྲོང་ཁྱེར་རེ་རེས་བོད་ཁུལ་དུ་ཆ་སྒྲིག་སློབ་གྲྭར་རྐང་འཛིན་ཆེད་ལས་གསོ་སྦྱོང་རྟེན་གཞི་གཅིག་ནས་གཉིས་འཛུགས་རྒྱུ་རེད།
  2013ལོར་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོ་ཁུལ་དུ་སློབ་གསོའི་ལས་གཞི་ཁག18ཀྱི་རོགས་སྐྱོར་གནང་བ་དང་། ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་ཁྲི7726ལ་སླེབས། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་དུ་སློབ་གསོའི་ལས་གཞི་ཁག19ཡི་རོགས་སྐྱོར་གནང་བ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི7254ལ་སླེབས། ཀྲའེ་ཅང་ཞིང་ཆེན་གྱིས་མཚོ་ནུབ་ས་ཁུལ་དུ་སློབ་གསོའི་ལས་གཞི་ཁག22ཀྱི་རོགས་སྐྱོར་གནང་བ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི2.02ལ་སླེབས། ཐན་ཅིན་གྲོང་ཁྱེར་གྱིས་རྨ་ལྷོ་ཁུལ་དུ་སློབ་གསོའི་ལས་གཞི་ཁག12ཀྱི་རོགས་སྐྱོར་གནང་བ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི1959ལ་སླེབས། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ཁུལ་དུ་སློབ་གསོའི་ལས་གཞི་ཁག20ཡི་རོགས་སྐྱོར་གནང་བ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.13ལ་སླེབས། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ས་ཁུལ་ལ་སློབ་གསོའི་ལས་གཞི་ཁག12ཀྱི་རོགས་སྐྱོར་གནང་བ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི2110ལ་སླེབས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།