མཚོ་སྔོན་གྱིས་འགན་བབ་སློབ་གསོའི་རིམ་པའི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ཇེ་མཐོར་བཏང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-20 16:40:00 ཀློག་གྲངས།:

  ཟླ2པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐེངས་ཉེར་གཅིག་པའི་རྒྱུན་ལས་གྲོས་ཚོགས་ལས་ཐག་བཅད་པ་ལྟར་ན། 2014ལོའི་དཔྱིད་འགོ་ནས་བཟུང་མཚོ་སྔོན་གྱིས་རོང་འབྲོག་ཁུལ་གྱི་འགན་བབ་སློབ་གསོའི་རིམ་པའི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་དེ་སློབ་མ་རེར་ཆ་སྙོམས་ཀྱིས་སྒོར100ཡིས་ཇེ་མཐོར་གཏོང་རྒྱུ་རེད།
  ཚད་གཞིར་ཇེ་མཐོར་བཏང་རྗེས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་སློབ་ཆུང་སློབ་མར་ལོ་རེར་མི་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར1100དང་དམའ་འབྲིང་སློབ་མར་སྒོར1350ཡིན་ལ། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་སློབ་ཆུང་སློབ་མར་ལོ་རེར་མི་རེར་སྒོར1500དང་དམའ་འབྲིང་སློབ་མར་སྒོར1700ཡིན། མཚོ་ལྷོ་ཁུལ་དང་། རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་གཅན་ཚ་རྫོང་གཉིས་ཀྱི་སློབ་ཆུང་སློབ་མར་ལོ་རེར་མི་རེར་སྒོར1600དང་དམའ་འབྲིང་སློབ་མར་སྒོར1800ཡིན། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་། ཧི་ནན་རྫོང་བཅས་ཀྱི་སློབ་ཆུང་སློབ་མར་ལོ་རེར་མི་རེར་སྒོར1700དང་དམའ་འབྲིང་སློབ་མར་སྒོར1900ཡིན་པ་རེད།
  སློབ་གསོ་ལས་དོན་གྱི་བསྡོམས་རྩིས་གྲངས་ཀ་ལྟར་ན།  2013ལོར་འགན་བབ་སློབ་གསོའི་རིམ་པར་བཅའ་སྡོད་སློབ་མ་ཁྱོན་བསྡོམས་མི་ཁྲི23.51ཡོད་ཅིང་། འཚོ་བའི་ཁ་གསབ་རོགས་དངུལ་ཇེ་མཐོར་གཏོང་བར་སྒོར་ཁྲི2351དགོས་ཤིང་། གྲོན་དངུལ་ཁག་བགོས་ཀྱི་བསྡུར་ཚད་ལྟར་ན་ཞིང་ཆེན་རིམ་པས་སྒོར་ཁྲི1881འཁུར་དགོས་པ་དང་། ཁུལ(གྲོང་ཁྱེར)དང་རྫོང་རིམ་པས་སྒོར་ཁྲི470འཁུར་དགོས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།