བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དེ་ཤུལ་བཞག་རིག་གནས་སུ་རེ་ཞུ་བྱེད་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲབ། དུས་ཚོད།:2014-02-24 10:13:00 ཀློག་གྲངས།:
  རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་རུ་རེ་ཞུ་བྱེད་ཀྱིན་ཡོད་པ་དང་། མིག་སྔར་ཡིག་རིགས་དང་བརྙན་གཟུགས་གསར་རྩོམ་དང་ཕབ་བསྐྲུན་བྱས་ཚར་པར་མ་ཟད། རིག་གནས་པུའུ་ལ་ཡར་ཞུ་བྱས་པ་རེད།
  2013ལོའི་ལོ་སྟོད་ནས་བཟུང་། བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་གི་ཤུལ་བཞག་རིག་གས་རེ་ཞུའི་བྱ་བ་འགོ་བརྩམས་པའི་ཁར། རིག་གནས་ཐིན་དང་བོད་སྨན་ཁང་སོགས་སྡེ་ཁག་དུ་མའི་གྲུབ་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་ཆེད་དུ་བཙུགས་པ་རེད། དེའི་མཚུངས་སུ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན་སོགས་ཀྱི་བོད་ལུགས་གསོ་རིག་གི་ཆེད་མཁས་རྣམས་བསྡུས་ཏེ་རེ་ཞུ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་བཙུགས་པ་རེད།
  2009ལོར་བོད་ཀྱི་ཟློས་གར་དང་གེ་སར་སྒྲུང་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་རུ་བདམས། དེ་ལས་གཞན་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས76དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས323ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།