རྨ་ལྷོ་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་འཛོམས་པོ་འདུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-25 10:58:00 ཀློག་གྲངས།:

青海省黄南州成为非物质文化资源富集区
རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་ཚུད་པའི་རེབ་གོང་དྲུག་པའི་ཀླུ་རོལ།

  ཉེ་བའི་ལོ་ནང་། རྨ་ལྷོ་ཁུལ་གྱིས་ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་ས་ཁུལ་གྱི་སྲུང་སྐྱོབ་ལ་ཤུགས་ཆེན་པོ་བཏོན་པས། གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་ས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བའི་མཁའ་དབུགས་ལེགས་པོ་ཞིག་ཆགས་ཤིང་། རྨ་ལྷོ་ཁུལ་དེ་ནུབ་བྱང་ལྗོངས་ཞིང་ལྔའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་འཛོམས་པོ་འདུས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་ལས་སྒྱུ་རྩལ་ལྷ་རིས་པ་དང་རྒྱུན་འཛིན་པ་ཆེས་ཆེར་འདུས་པའི་ཡུལ་ཁོངས་ཡིན་པ་རེད།
  2013ལོའི་ལོ་མཇུག་ཏུ་ཁུལ་ཡོངས་སུ་རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ཁག114དང་། ཀྲུང་གོའི་བཟོ་ལས་སྒྱུ་རྩལ་ལྷ་རིས་པ་མི4། ཞིང་ཆེན་རིམ་པའི་ལྷ་རིས་པ་དང་དམངས་ཁྲོད་ལྷ་རིས་པ་མི42། རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་མི102བཅས་ཡོད་ཅིང་། རིག་གནས་ཐོན་ལས་གཉེར་བའི་དུད་ཚང་ཁྱིམ4465དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་སྟོན་དུད་ཚང་ཁྱིམ80། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་སྟོན་སྡེ་བ19། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དཔེ་སྟོན་ལས་ཁུངས3། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཕྱོགས་བསྡུས་སྦྱོང་འཛིན་རྟེན་གཞི6བཅས་ཡོད་ལ། རེབ་གོང་ཁུལ་གྱི་རིག་གནས་ཐོན་ལས་ཀྱི་ལོའི་སྤྱིའི་ཡོང་སྒོ་སྒོར་ཁྲི37249ལ་སླེབས་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།