པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ་ཧྥ་རན་སིའི་རྩོམ་རིག་དུས་དེབ《BOOKS》སྟེང་དུ་བཀོད་པ།
རྒྱུས་ལོན་བྱུང་བ་ལྟར་ན། བོད་རིགས་རྩོམ་པ་པོའམ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ་ཧྥ་རན་སིའི་སྐད་དུ་བསྒྱུར་ཅིང་ཧྥ་རན་སིའི་རྩོམ་རིག་དུས་དེབ《BOOKS》སྟེང་དུ་བཀོད་ཡོད་ལ། མཚན་ལBrigitte DUZANཞེས་པར་གྲགས་པས་བསྒྱུར་བ་རེད།
པདྨ་ཚེ་བརྟན་གྱི་བརྩམས་སྒྲུང《འཆི་བའི་ཁ་དོག》ཅེས་པ་འདི་ནི་དེ་སྔ་ཀྲུང་གོའི་རྩོམ་རིག་དུས་དེབ་ཆེ་གྲས《ཧྥང་ཚོའོ》ཞེས་པའི་སྟེང་བཀོད་མྱོང་ཞིང་། 《2013ལོའི་སྒྲུང་ཐུང་ལོ་དེབ་འདེམ་བཀོད》དུ་ལེགས་འདེམ་བྱུང་། བརྩམས་སྒྲུང་འདི་ནི2012ལོར་ཨ་རིའི་རྒྱལ་ཁབ་ཏུ་གསར་རྩོམ་གནང་བ་དང་རྩོམ་པ་པོ་རང་ཉིད་ཅུང་ཡིད་ཚིམ་པའི་བརྩམས་ཆོས་སུ་ངེས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com