ད་ལོའི་ཟླ9པར་བོད་ལྗོངས་ཀྱི་ཆེས་ཆེ་བའི་སློབ་གསོའི་གྲོང་དུ་དགེ་སློབ་ཀྱི་སྡེ་ཐོག་མ་སྤར་རྒྱུ་རེད།
ལེགས་འགྲུབ་འབྱུང་ལ་ཉེ་བའི་དགེ་རྒན་གྱི་སྡོད་ཁང་།
འཛུགས་སྐྲུན་བྱེད་བཞིན་པའི་ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ།
ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་ནས་ཤར་ཕྱོགས་སུ་རླངས་འཁོར་ལ་བསྡད་པའི་ལམ་ཐག་སྐར་མ་བཅོ་ལྔ་ཡས་མས་ཀྱི་མཚམས་སུ་ཡོད་པའི་ལྷ་སའི་སློབ་གསོའི་གྲོང་ནི2012ལོ་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། དེ་ནི་བོད་ལྗོངས་ཀྱི་ཆེས་ཆེ་བའི་དེང་རབས་ཀྱི་སློབ་གསོའི་ཕྱོགས་བསྡུས་ས་ཁུལ་དང་སློབ་གསོའི་རྟེན་གཞི་ཞིག་ཡིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ལོ་གཉིས་རིང་གི་འཛུགས་སྐྲུན་བརྒྱུད་ནས་མིག་སྔར་ལྷ་སའི་སློབ་གསོའི་གྲོང་གི་སློབ་གསོའི་ལས་ཁུངས་ཀྱི་སྒྲིག་བཀོད་ཕལ་ཆེ་བོ་དང་བཟོ་གྲྭའི་གྲུབ་ཆ་གཙོ་བོ་ཕལ་ཆེར་ལེགས་འགྲུབ་འབྱུང་ལ་ཉེ་ཞིང་། སྔོན་དཔག་ལྟར་ན་ད་ལོའི་ཟླ9པར་ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་། པེ་ཅིང་དགེ་ཐོན་སློབ་གྲྭ། ཅང་སུའུ་དགེ་ཐོན་སློབ་གྲྭ། ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ནི་སློབ་གསོའི་གྲོང་དུ་ཐོག་མར་བཀོལ་སྤྱོད་གཏོང་བའི་སློབ་གྲྭ་ཁག4ཡིན་ལ། དུས་དེར་སློབ་བུ་ཁྲི་ཕྲག་ལྷག་གྲོང་གསར་འདིར་འཛོམས་ནས་ཁོང་ཚོའི་སློབ་སྐབས་གསར་བ་འགོ་བརྩམ་རྒྱུ་རེད།
ལྷ་སའི་སློབ་གསོའི་གྲོང་གི་གཞུང་ལམ་ཕལ་ཆེར་བསྐྲུན་ཚར་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com