ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ད་ལོར་མཚོ་སྔོན་གྱིས་དགེ་རྒན16000ལྷག་གསོ་སྐྱོང་བྱ་རྒྱུ་རེད།
ད་ལོར་མཚོ་སྔོན་གྱིས་དགེ་རྒན16000ལྷག་གསོ་སྐྱོང་བྱ་རྒྱུ་རེད།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-10 11:42:00
ཀློག་གྲངས།:
ཟླ3པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་དགེ་རྒན་གསོ་སྐྱོང་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་དགེ་རྒན16000ལྷག་ལ་གསོ་སྐྱོང་བྱ་འགུལ་སྤེལ་ཏེ་སློབ་ཁྲིད་ཀྱི་ལས་ཆོད་ཇེ་མཐོར་གཏོང་རྒྱུ་རེད།
མཚོ་སྔོན་གྱིས་བཏོན་པའི་འབྲེལ་ཡོད་སྲིད་ཇུས་ལྟར་ན། 2015ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་ཆེར་བསྐྱེད་པའི་སྤྱིའི་གཞི་ཁྱོན་དང་གཞི་རྩའི་སྒྲིག་གཞི་གཉིས་སློབ་གསོའི་ལས་དོན་འཕེལ་རྒྱས་དང་འཚམ་དགོས་པའི་བླང་བྱ་ལྟར། དགེ་རྒན་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་མ་ལག་གི་རྨང་རྐང་འཛུགས་སྐྲུན་དང་སློབ་གསོའི་སློབ་ཁྲིད་ཁྱབ་ཁོངས་ཉམས་ཞན་ཡིན་པའི་གནས་བབ་ཇེ་བཟང་དུ་གཏོང་རྒྱུ་དང་། 2020ལོར་མཚོན་ན། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆ་སྙོམས་སྤུས་ཚད་མཐོར་འདེགས་དང་ལས་རིགས་ཀུན་སྤྱོད་བློ་སྦྱོང་ཇེ་མཐོ། དེང་རབས་སློབ་གསོའི་འདུ་ཤེས་དང་ཆེད་ལས་ཤེས་བྱ་འཛོམས་པོ་ཡིན་པའི་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་བཅས་སུ་གཏོང་རྒྱུ་མ་ཟད། ད་དུང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་ལོ་ལྔའི་ནང་དུ་གསོ་སྐྱོང་ཐེངས་གཅིག་ལ་སྤེལ་རྒྱུ་ཡིན་པ་དང་། སྤེལ་ཐེངས་རེར་སློབ་ཁྲིད་དུས་ཚོད360ལས་མང་དགོས་ལ། ལོ་རེར་གསོ་སྐྱོང་བྱེད་ཚད་དེ་ཆེད་ལས་དགེ་རྒན་གྱི20%ལས་མཐོ་བའི་སྒོ་ནས་དགེ་རྒན་ཡོངས་ལ་གསོ་སྐྱོང་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།