མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གིས་རིག་གཞུང་ལོ་ཚོགས་བསྡུས་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གིས་རིག་གཞུང་ལོ་ཚོགས་བསྡུས་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གིས་རིག་གཞུང་ལོ་ཚོགས་བསྡུས་པ།
ཟླ3པའི་ཚེས8ཉིན་གྱི་ཞོགས་པའི་དུས་ཚོད8:30སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚན་རྩལ་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་ནས། 2014ལོའི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་དང་དགེ་རྒན་ཆེན་མོ་ཟླ་བ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་འདུན་བཅས་གདན་འདྲེན་ཞུས་ཡོད་ལ། གཞན་རང་རེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། མི་རིགས་སློབ་གླིང་གི་གླིང་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན་དང་དགེ་རྒན་ཆེན་མོ་སྟོབས་ལྡན་སོགས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གཙོས་སྡེ་ཁག་གཞན་ནས་ཡོང་བའི་དགེ་རྒན་ཉི་ཤུ་ལྷག་དང་། ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་མང་པོ་ཞིག་ཚོགས་འདུར་ཞུགས་ཡོད།
ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་རིམ་པ་ཆེན་པོ་གཉིས་སུ་ཕྱེས་ཡོད་དེ། རིམ་པ་དང་པོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོའི་ཚོགས་མགོ་རྩོམ་པའི་ཤིས་ཚིག་དང་བསྡོངས་ནས། དགེ་རྒན་ཆེན་མོ་སྟོབས་ལྡན་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི 2013 ལོའི་རིག་གཞུང་ཞིབ་འཇུག་བྱ་བའི་སྤྱི་བསྡོམས་སྙན་ཞུ་ཕུལ། ཚོགས་འདུའི་རིམ་པ་གཉིས་པ་ནས་བཟུང་གདན་ཞུའི་མཁས་པ་རྣམས་དང་རང་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་རང་རང་གི་དཔྱད་རྩོམ་སྒྲོག་འདོན་བྱས། ཐེངས་འདིའི་ཚོགས་ཐོག་ཏུ་དཔྱད་རྩོམ་བཅུ་གསུམ་ལྷག་བགྲོ་གླེང་བྱས། དེ་དག་གཙོ་བོ་བོད་བརྒྱུད་ནང་བསྟན་དང་བོད་བརྒྱུད་ཚད་མ་རིག་པ། བོད་ཀྱི་སྐད་ཡིག་དང་རྩོམ་རིག ལོ་རྒྱུས་དང་སློབ་གསོ། ལོ་ཙཱ་དང་དམངས་སྲོལ་སོགས་བོད་ཀྱི་རིག་གནས་ཀྱི་ཆ་མང་པོ་ཞིག་དང་འབྲེལ་ཡོད། བགྲོ་གླེང་གི་ནང་དོན་རྒྱ་ཆེ་བ་དང་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་གནད་དུ་ཁེལ་བ། ཞིབ་འཇུག་གི་ཐབས་ལམ་འདྲ་མིན་མང་པོ་ཞིག་སྤྱད་ཡོད་པ་སོགས་ཁྱད་ཆོས་མང་པོ་ཞིག་ལྡན། ཚོགས་འདུ་མཇུག་སྡུད་ཁར་གདན་ཞུའི་མཁས་པ་སོ་སོས་ཐེངས་འདིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་དགེ་སྐྱོན་གྱི་ཆ་ལ་གདེང་འཇོག་དང་རང་རང་གི་མྱོང་ཚོར་བཤད། བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱིས་ཚོགས་འདུར་སྤྱི་བསྡོམས་བྱས་པ་དང་བཅས་ཚོགས་འདུ་རྒྱལ་ཁའི་ངང་ནས་མཇུག་རྫོགས།
ཚོགས་ཞུགས་མི་སྣ་རྣམས་མཉམ་དུ་པར་བསྐྱོན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com