ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་རྣམས་བསྟུད་མར་སློབ་འགོ་ཚུགས་པ།
ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོའི་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་ཀྱིན་པ།
ཉེ་ཆར། ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་བསྟུད་མར་སློབ་འགོ་ཚུགས་པ་དང་། དེ་ནི་ཡུལ་ཤུལ་ས་ཁུལ་གནོད་ཐེབས་རྗེས་ཀྱི་རོགས་བསྐྲུན་ཡོངས་འགྲུབ་བྱུང་བའི་རྗེས་ཀྱི་སློབ་སྐབས་ཐོག་མ་ཡིན་པ་རེད། ཡུལ་ཤུལ་གྲོང་ཁྱེར་ཆ་ཚུང་སློབ་ཆུང་དང་པོའི་ཁོ་ར་ཁོར་ཡུག་ཀུན་དུ་སློབ་མ་རྣམས་ཀྱི་དཔེ་ཀློག་གི་སྐད་སྒྲས་ཁྱབ་ཅིང་། ཁོང་ཚོས་སློབ་སྐབས་གསར་བར་ཧུར་ཐག་ཡར་བརྩོན་བྱེད་པའི་རྣམ་པ་གསར་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་འོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com