གངས་རྒྱན་ན་ཆུང་ཚགས་པར་སྤེལ་ཐེངས13པ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:གཅན་རྣམ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-13 11:49:00 ཀློག་གྲངས།:

岗尖少年报
གངས་རྒྱན་ན་ཆུང་ཚགས་པར་དེ་གཅན་ཚ་ས་ཁུལ་ནས་ཐེངས་གཉིས་པར་འགྲེམ་སྤེལ་བྱས་པ།

  ཟླ3པའི་ཚེས6ཉིན། གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་རྩོམ་སྒྲིག་བྱས་པའི་སློབ་ཆུང་དམའ་རིམ་པར་ངོས་སྤྱིའི་སྤེལ་ཐེངས13པ་དེ་གཅན་ཚ་ས་ཁུལ་ནས་ཐེངས་གཉིས་པར་འགྲེམ་སྤེལ་བྱས་ཏེ། གཅན་ཚ་ས་ཁུལ་གྱི་སློབ་ཆུང་དང་བྱིས་གཉོར་ཁང་བཅས་བཅུ་ཕྲག་ལྷག་གི་གྲ་སྒྲིག་འཛིན་གྲྭ་དང་ལོ་རིམ་དང་པོའི་སློབ་མ་དག་གི་ལག་ཏུ་བཀྲམ།
  སློབ་ཆུང་དམའ་རིམ་པར་ངོས་ཀྱི་ཚགས་པར་འདི་ནི་བོད་ཁམས་ཀྱི་སློབ་གྲྭ་དང་བྱིས་གཉོར་ཁང་དག་གི་ལོ་རིམ་དང་པོ་དང་གྲ་སྒྲིག་འཛིན་གྲྭའི་སློབ་མ་དག་གི་བློ་ཁ་དང་ཤིན་ཏུ་འཚམ་པས། ལོ་རིམ་དང་པོའི་སློབ་མ་དང་གྲ་སྒྲིག་འཛིན་གྲྭའི་སློབ་མ་དག་གི་བསླབ་ཕྱིའི་ཀློག་དེབ་ལ་ཧ་ཅང་འཚམ་པ་རེད། དེ་བས་སློབ་ཆུང་དམའ་རིམ་པར་ངོས་རྩོམ་སྒྲིག་པ་དག་གིས་ཀྱང་མུ་མཐུད་དུ་ཚགས་པར་འདི་ལ་མ་དངུལ་གཏོང་མཁན་གྱི་སྦྱིན་བདག་གི་རེ་བ་སྟོང་ཟད་དུ་མི་གཏོང་བར། སྔར་ལས་པར་ངོས་སོ་སོའི་ནང་དོན་གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པ། ལོ་ཆུང་བྱིས་པའི་བློ་ཁ་དང་མཐུན་པ། བོད་ཁུལ་གྱི་སྣང་བརྙན་མངོན་པར་མཚོན་པའི་རིན་ཐང་ལྡན་པའི་ཚགས་པར་འདིའི་མདུན་ལམ་རིང་དུ་བསྲིངས་རྒྱུ་ནི་ནུས་མེད་བདག་འདྲའི་སེམས་ཀྱི་འབོད་སྐུལ་ཡིན། མ་འོངས་པར་རིམ་བཞིན་སློབ་ཆུང་ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མའི་བློ་ཁ་དུའང་རན་པའི་ཚགས་པར་ཡང་རྩོམ་སྒྲིག་བྱས་ན་ལེགས།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།