ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་མཐར་ཕྱིན་འཛིན་གྲྭ་དངོས་སྦྱོང་དུ་སླེབས།
སྐྱེལ་མར་ཕེབས་པའི་དགེ་རྒན་རྣམས་དང་ལྷན་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ར་སྐོར་དུ།
2014ལོའི་ཟླ3པའི་ཚེས15ཉིན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི2014ལོའི་དགེ་ཐོན་མཐར་ཕྱིན་འཛིན་གྲྭའི་སློབ་མ་རྣམས་དངོས་སྦྱོང་དུ་ཕྱིན་ཡོད།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་སླེབས་ནས་ཚོགས་འདུ་ལ་ཞུགས་པ།
འཛིན་གྲྭ་འདི་ལ་སློབ་མ62ཡོད་ཅིང་། དེ་ལས་སློབ་མ32དགེ་རྒན་ཆེན་མོ་འབའ་སྟོད་པདྨ་དབང་རྒྱལ་གྱི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་དངོས་སྦྱོང་དུ་སླེབས་པ་དང་། སློབ་མ30ནི་གླིང་གཙོ་ཟུར་པ་རྟ་མགྲིན་ཚེ་རིང་གི་སྣེ་ཁྲིད་འོག་ཀན་ལྷོ་ཁུལ་གཙོས་བོད་ཡིག་སློབ་འབྲིང་དུ་དངོས་སྦྱོང་དུ་སླེབས་ཡོད།
མཚོ་ལྷོར་སླེབས་པའི་སློབ་གྲོགས་ཚོས་རང་རང་གི་ལས་གནས་སུ་ནན་ཏན་སྒོས་བྱ་བ་སྒྲུབ་བཞིན་པ།
ཟླ3པའི་ཚེས15ཉིན་ནས་ཟླ4བའི་ཚེས15བར་གྱི་ཟླ་ངོ་གཅིག་གི་རིང་འདིར་དངོས་སྦྱོང་བྱ་རྒྱུ་རེད། ད་ལྟ་དངོས་སྦྱོང་བྱ་ཡུལ་གྱི་སློབ་གྲྭ་སོ་སོ་ན་དགེ་རྒན་རྣམས་ཀྱི་བཀོད་སྒྲིག་འོག་དངོས་སྦྱོང་གི་ལས་ལ་འབད་བཞིན་མཆིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com