ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྙན་སྒྲོན་པ་དང་རྩོམ་སྒྲིག་པ་བསྡུ་བའི་བརྡ་ཐོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། དུས་ཚོད།:2014-03-25 16:27:00 ཀློག་གྲངས།:
ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས་སྙན་སྒྲོན་པ་དང་རྩོམ་སྒྲིག་པ་བསྡུ་བའི་བརྡ་ཐོ།
      ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས་ཟི་ཁྲོན་ཁྲིན་ཏུའུ་རྩོམ་སྒྲིག་ཁང་དང་མཚོ་སྔོན་ཟི་ལིང་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པ་དང་སྙན་སྒྲོན་པ་བསྡུ་རྒྱུ་ཡིན།
      ཟི་ཁྲོན་ཁྲིན་ཏུའུ་རྩོམ་སྒྲིག་ཁང་དུ་ཁམས་སྐད་ལ་མཁས་པའི་སྙན་སྒྲོན་པ་དང་རྩོམ་སྒྲིག་པ་བསྡུ་རྒྱུ་ཡིན་ཞིང་། ཁྱིམ་ཐོ་ཟི་ཁྲོན་དུ་ཡོད་དགོས་ལ། བྱ་བ་སྒྲུབ་ས་ཁྲིན་ཏུའུ་ཡིན།
      མཚོ་སྔོན་ཟི་ལིང་རྩོམ་སྒྲིག་ཁང་དུ་ཨམ་སྐད་ལ་མཁས་པའི་སྙན་སྒྲོན་པ་དང་རྩོམ་སྒྲིག་པ་བསྡུ་རྒྱུ་ཡིན་ཞིང་། ཁྱིམ་ཐོ་མཚོ་སྔོན་དུ་ཡོད་དགོས་ལ། བྱ་བ་སྒྲུབ་ས་ཟི་ལིང་ཡིན།
      སྙན་སྒྲོན་པ་དང་རྩོམ་སྒྲིག་པ་བསྡུ་བའི་རྒྱུགས་ལ་ཞུགས་པར་གཤམ་གྱི་ཆ་རྐྱེན་འདི་དག་ལྡན་དགོས་ཏེ། གཅིག ཏང་གི་གསར་འགྱུར་བྱ་གཞག་ལ་སྤྲོ་བ་ཆེ་ཞིང་འགན་འཁྲིའི་འདུ་ཤེས་དྲག་པོ་ཡོད་པ། གཉིས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་ཆེན་མོའི་དངོས་གཞི་དང་དེའི་ཡན་གྱི་ཡོན་ཚད་ལྡན་པ། གསུམ། ལོ་སོ་ལྔའི་མན་ཡིན་པ། བཞི། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོན་པོ་ལྡན་པ། ལྔ། གསར་འགྱུར་ལས་ཁུངས་ནས་བྱ་བ་བསྒྲུབས་མྱོང་མཁན་ལ་དམིགས་བསལ་ཡོད།
      ཐེངས་འདིའི་རྒྱུགས་ལ་ཞུགས་པར་དྲ་ཐོག་ནས་མིང་འགོད་དགོས་པ་དང་། དྲ་ཐོག་གི་གདན་ཞུའི་མ་ལག་ནས་རེ་བ་ལྟར་ཐོ་འགོད་བྱས་རྗེས། གཏན་ཁེལ་གྱི་གོ་རིམ་ལྟར་དུ་མིང་ཐོ་འགོད་དགོས། མིང་ཐོ་འགོད་པའི་དྲ་གནས་ནི ཡིན། གདན་ཞུའི་མ་ལག་ཁྲོད་མིང་ཐོ་བཀོད་པའི་མི་ཚང་མས་དུས་ལྟར་གདན་ཞུ་དྲ་བ་ནས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གདན་ཞུའི་འབྲེལ་ཡོད་གནས་ཚུལ་ལ་མཉམ་འཇོག་དགོས།
      ཐེངས་འདིའི་རྒྱུགས་ནི་ཁྲིན་ཏུའུ་དང་ཟི་ལིང་ནས་ལེན་རྒྱུ་ཡིན་ལ། རྒྱུགས་ལ་ཞུགས་མཁན་གྱིས་མིང་ཐོ་འགོད་སྐབས་ས་གང་ནས་རྒྱུགས་ལེན་འདོད་པ་གསལ་བོར་འབྲི་དགོས་པ་དང་། རྒྱུགས་ལེན་པའི་དུས་ཚོད་རྗེས་སུ་བརྡ་གཏོང་རྒྱུ་ཡིན། རྒྱུགས་འཕྲོད་ཚེ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གཅིག་གྱུར་གྱི་གླ་ཕོགས་དོ་དམ་དང་ལས་རིགས་འཚར་ལོངས་དོ་དམ་མ་ལག་ཏུ་འཇོག་རྒྱུ་ཡིན་ལ། གསོ་སྦྱོང་དང་ལས་ཐོབ་དཔྱད་ཞིབ་སོགས་ལ་ཞུགས་ཆོག་ཅིང་། བྱ་བའི་དུས་ཚོད་དང་བྱ་བའི་རྣམ་འགྱུར། བྱ་བའི་ནུས་པ་དང་ཆུ་ཚད་བཅས་གཞིར་བཟུང་ནས་འགྲན་རྩོད་རང་བཞིན་གྱི་གླ་ཕོགས་སྟེར་རྒྱུ་ཡིན་པར་མ་ཟད། སྒྲིག་ཁོངས་ཕྱིའི་གདན་ཞུའི་གན་རྒྱ་ལམ་ལུགས་སྤྱད་དེ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བར་སྒྲིག་ཁོངས་ཕྱིའི་ངལ་རྩོལ་གན་རྒྱ་འཇོག་དགོས་ལ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་ཚད་གཞི་ལྟར་སྤྱི་ཚོགས་འགན་ཚབ་དངུལ་དང་སྡོད་ཁང་སྤྱི་གསོག་དངུལ་སྤྲོད་རྒྱུ་རེད།
འབྲེལ་གཏུག་བྱེད་ས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་ཤུགས་ཐོན་ཁུངས་དོ་དམ་ལྟེ་གནས། འབྲེལ་གཏུག་ཁ་པར 010—86093527
ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་རླུང་འཕྲིན་ལྟེ་གནས། འབྲེལ་གཏུག་ཁ་པར། 010—86097489
ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ། འབྲེལ་གཏུག་ཁ་པར། 010—86092449

ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས།
2014ལོའི་ཟླ3པའི་ཚེས21ཉིན།

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།