ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > གསར་འགོད་པས་ཡོངས་འཛིན་འཚོལ་བཤེར་མ་ལག་སྔོག་འདོན་གྱི་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས།
གསར་འགོད་པས་ཡོངས་འཛིན་འཚོལ་བཤེར་མ་ལག་སྔོག་འདོན་གྱི་འབྲེལ་ཡོད་མི་སྣར་བཅར་འདྲི་བྱས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-26 15:58:00
ཀློག་གྲངས།:
ཟླ3པའི་ཚེས20ཉིན། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པ་ལོ་ཡུན་ཕུན་གྱིས་ཁ་པར་གྱི་སྐུད་ལམ་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་ལས་གཞིའི་འབྲེལ་ཡོད་མི་སྣར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་ལས་གཞིའི་འཛུགས་སྐྲུན་ཐད་ནས་བཅར་འདྲི་བྱས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོའམ་ཡོངས་འཛིན་འཚོལ་བཤེར་མ་ལག་སྔོག་འདོན་གྱི་འགན་འཁུར་བ་ཚེ་ལོ་ཡིས་བཤད་རྒྱུར། ཡོངས་འཛིན་ནི་འཛམ་གླིང་དུ་ཐོག་དང་པོའི་བོད་ཡིག་འཚོལ་བཤེར་མ་ལག་ཡིན་པའི་ཆ་ནས་མིག་སྔར་སྔོག་འདོན་འདི་ནི་བོད་ཡིག་ཆ་འཕྲིན་གཏག་འཇུག་དང་བོད་ཡིག་རྩིས་འཕྲུལ་མིང་བརྡ་ངོས་འཛིན་ཐད་ཀྱི་བྱ་བ་སྒྲུབ་བཞིན་པའི་དུས་སྐབས་སུ་གནས།
ཡོངས་འཛིན་ལ་ནང་དོན་རྣམ་པ་གཉིས་ཡོད་དེ། གཅིག་ནི་བླ་མ་དང་སློབ་དཔོན་གྱི་དོན་ཡིན་ལ་རེ་བ་ཙམ་ཡང་རྫོགས་པར་བྱ་ཞིང་དྲི་བར་ངེས་པར་ལན་འདེབས་བྱ། གཉིས་པ་ནི་རེ་རེ་ནས་གོ་བ་ལེན་དགོས་ཏེ་ཡོངས་སུ་འཛིན་པའི་དོན་ཡིན།
ཚེ་ལོ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་དྲ་བ་སྟེགས་བུར་བཟུང་སྟེ་སྔོག་འདོན་བྱེད་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལས་རིགས་ཀྱི“ལྔའི་བཅུ་གཉིས”འཆར་འགོད་ཁྲོད་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གལ་ཆེ་བའི་གྲུབ་ཆ་ཡིན། མིག་སྔར་མ་དངུལ་སྒོར་ཁྲི1300བཏང་ཡོད།
2012ལོར་ཡོངས་འཛིན་འཚོལ་བཤེར་མ་ལག་ལས་གཞི་བཙུགས་པ་ནས་ད་ལྟའི་བར་ལོ་ངོ་གཉིས་ཀྱི་དུས་ཚོད་ནང་། སྔོག་འདོན་རུ་ཁག་པེ་ཅིང་སློབ་ཆན་དང་ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ་ཁག་ཏུ་ཐེངས་མང་སོང་སྟེ་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཉམས་མྱོང་ཕུན་སུམ་ཚོགས་པའི་དབང་གྲགས་ཆེད་མཁས་པ་དང་ཤེས་ཡོན་པར་བགྲོ་གླེང་བྱས་ཤིང་། བོད་ཡིག་ཉིང་འདུས་ལག་རྩལ་ཐད་ཀྱི་ཆ་འཕྲིན་ཐོན་ཁུངས་རྒྱ་ཆེར་གཅིག་བསྡུས་སྒོས་ལས་གཞི་ལག་བསྟར་དུ་ལེན་པར་རྨང་གཞི་སྲ་བརྟན་བཏིངས།
ཡོངས་འཛིན་འཚོལ་བཤེར་མ་ལག་སྔོག་འདོན་རུ་ཁག་ལ་ད་སྔ་ལས་སྒྲུབ་མི་སྣ100ཡོད་ཅིང་། བོད་ཡིག་ཆ་འཕྲིན་གཏག་འཇུག་རུ་ཁག་དང་། བོད་ཡིག་རྩིས་འཕྲུལ་མིང་བརྡ་ངོས་འཛིན་རུ་ཁག ལག་རྩལ་རུ་ཁག་བཅས་ཚན་ཆུང་གསུམ་དུ་གྲུབ་ལ། རུ་ཁག་ཁྲོད་བོད་རིགས་ལས་སྒྲུབ་པས84%ཟིན་པ་དང་། འབྲེལ་ཡོད་ལག་རྩལ་ནི་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱན་ཏཱན་ཚན་རྩལ་ཚད་ཡོད་ཀུང་ཟིས་འདོན་སྤྲོད་བྱེད་པ་ཡིན།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་འགན་འཁུར་བ་རྡོ་རྗེ་རབ་བརྟན་གྱིས་བཤད་པ་ལྟར་ན། ཡོངས་འཛིན་འཚོལ་བཤེར་མ་ལག་དེ་ད་ལྟ་སྒྲིག་གཙོ་བོ་འཛུགས་སྐྲུན་དང་། བོད་ཡིག་ཆ་འཕྲིན་གཏག་འཇུག་དང་བོད་ཡིག་རྩིས་འཕྲུལ་མིང་བརྡ་ངོས་འཛིན་གྱི་དུས་སྐབས་སུ་གནས་པ་དང་། དེ་ལས་ཆ་འཕྲིག་གཏག་འཇུག་ཏུ་བོད་ཀྱི་ལོ་རྒྱུས་དང་། བོད་རིགས་ཀྱི་གནམ་རིག་སྐར་རྩིས། གསོ་རིག ཆོས་ལུགས། རྩོམ་རིག་སོགས་ཁྱབ་ཁོངས་མང་དུ་འདུས་ལ། ལས་ཀ་ལྕི་ཞིང་ཚེགས་ཆེན་པོ་འདུག
རྡོ་རྗེ་རབ་བརྟན་གྱིས་ད་དུང་བཤད་རྒྱུར། སྲོལ་རྒྱུན་གྱིGoogleབོད་ཡིག་འཚོལ་བཤེར་དང་བསྡུར་ན་ཡོངས་འཛིན་འཚོལ་བཤེར་མ་ལག་ལེགས་འགྲུབ་བྱུང་རྗེས་བོད་ཡིག་འཚོལ་བཤེར་མ་ལག་ཁྲོད་ཚིག་དོན་ངོས་འཛིན་བྱེད་མི་ཐུབ་པ་དང་ཐ་སྙད་གཏག་ནོར་བྱུང་བ་སོགས་ལས་འཚོལ་བཤེར་མཇུག་འབྲས་བདེ་འཇགས་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་མ་ཟད་བོད་ཡིག་གཏག་འཇུག་ཡང་དག་པའི་ངོས་འཛིན་བྱེད་ཚད95%ཡན་ཟིན་པ་དང་། བོད་ཡིག་དྲ་དམངས་ཀྱི་འཚོལ་བཤེར་དགོས་ངེས་སྐོང་ནུས་ལ། བོད་ཡིག་འདི་ཉིད་ཕྱོགས་ཡོངས་ནས་འཕྲིན་སྦྲེལ་དྲ་བའི་འཇིག་རྟེན་དུ་འཐིམ་ངེས།
ཚེ་ལོ་ཡིས་བསམ་དོན། འཚོལ་བཤེར་མ་ལག་ནི་རིག་གནས་དང་ལོ་རྒྱུས་རྒྱུན་འཛིན་གྱི་བརྒྱུད་གཟུགས་གསར་བ་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ཐད་གལ་ཆེ་བའི་དོན་སྙིང་ལྡན་ཞིང་། འཚོལ་བཤེར་མ་ལག་གང་རུང་ལ་རང་ཉིད་ཀྱི་ལངས་ཕྱོགས་དང་བློ་ཁ་གཏད་ཕྱོགས་ཡོད་པ་དང་། འཕྲིན་སྦྲེལ་དྲ་བའི་དུས་རབས་འདིར་འཚོལ་བཤེར་མ་ལག་བདག་འཛིན་བྱེད་ཐུབ་ན་འཕྲིན་སྦྲེལ་དྲ་བར་ཆ་འཕྲིན་བརྒྱུད་སྒྲོག་གི་རང་འགུལ་དབང་ཆའང་བདག་གར་བཟུང་ཡོད་པ་ཡིན། བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་འདི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ། བཀོལ་སྤྱོད་དང་ཁྱབ་རྡལ་བཅས་ལ་ཕན་པར་མ་ཟད། བོད་ཀྱི་དེང་རབས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་དང་བོད་ཁུལ་སྤྱི་ཚོགས་ཀྱི་དེང་རབས་འཕེལ་འགྱུར་ཐད་ཀྱང་དགེ་མཚན་རབ་ཏུ་ལྡན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།