ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 《མེ་ཏོག་གངས་ལྷ》 ལེ་ཚན་གྱིས་ན་ཆུང་བྱིས་པའི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
《མེ་ཏོག་གངས་ལྷ》 ལེ་ཚན་གྱིས་ན་ཆུང་བྱིས་པའི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:མཚོ་སྔོན་བོད་སྐད་བརྙན་འཕྲིན་ཆེ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-05 09:33:00
ཀློག་གྲངས།:
མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི《མེ་ཏོག་གངས་ལྷ》ལེ་ཚན་ནི་ན་ཆུང་བྱིས་པར་ཁ་གཏད་པའི་བརྙན་འཕྲིན་ལེ་ཚན་ཞིག་ཡིན་ལ། ལེ་ཚན་འདི་གསར་དུ་བཙུགས་པ་ནས་ད་ལྟའི་བར་དུ་སྐབས་བརྒྱ་དང་ལྔ་བཅུ་ལྷག་བསྒྲུབས་ཤིང་། མཚོ་སྔོན་ཞིང་ཆེན་གཅིག་པུ་ཙམ་མ་ཡིན་པའི་ཨ་མདོའི་ཡུལ་སྐད་ཁྱབ་ཁོངས་སྤྱིའི་རྒྱ་ཆེའི་བོད་རིགས་ན་ཆུང་བྱིས་པ་རྣམས་ལ་ཕ་སྐད་ཀྱི་བྱིས་པའི་བརྙན་འཕྲིན་ལེ་ཚན་ཞིག་མེད་པའི་ཁ་བསྐངས་ཏེ། ན་ཆུང་བྱིས་པའི་བློ་དང་འཚམ་པའི་རིག་གནས་ཤེས་བྱ་དང་རིག་རྩལ་རྩེད་འཇོ་སོགས་རང་རེའི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་བློ་སྟོན་ཡར་སྐུལ་གྱི་ནང་དོན་ལྡན་པའི་ལེ་ཚན་བསྟུད་མར་བཏང་ནས། རྒྱ་ཆེའི་བོད་རིགས་ན་ཆུང་བྱིས་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་དང་ཞུ་མུས་ཀྱི་སྒང་ཡིན་ལ། ན་ཆུང་བྱིས་པ་ཙམ་དུ་མ་ཟད་ལྟ་མཁན་ཡོངས་ཀྱིས་ཆེས་དགའ་བསུ་བྱེད་པའི་ལེ་ཚན་ཞིག་ཏུ་གྱུར་ཡོད།
དེ་བས་ན་ལེ་ཚན་འདིའི་ནང་དོན་དང་རྣམ་པ། སྒྲིག་གཞི་སོགས་ཕྱོགས་གང་ཅིའི་ཐད་ནས་སྔར་བས་ཀྱང་ཆ་ཚང་འཐུས་འགྲིག་དང་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་ཆེད་དང་། ཡང་ན་རང་རེའི་ན་ཆུང་བྱིས་པའི་ཁྲོད་ན་གླུ་དང་བྲོ་ཡི་རིག་རྩལ་འཁྲབ་སྟོན་གྱི་ཕྱོགས་ལ་དགའ་མོས་ཆེ་ཞིང་འཇོན་ཐང་ལྡན་པའི་བྱིས་པ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་ལ་རིག་རྩལ་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱས་ནས། ཁོ་ཚོ་དང་བཅས་པའི་བོད་རིགས་བྱིས་པ་ཡོངས་ཀྱི་རེ་འདོད་དང་རིག་གནས་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་དང་། མི་རིགས་རང་ལ་ན་ཆུང་བྱིས་པའི་གླུ་གར་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་རྒྱུད་འཛིན་དར་སྤེལ་གཏོང་བའི་ཐད་ལའང་ནུས་ཚོད་ཀྱིས་སྲི་ཞུ་ཅུང་ཙམ་ཞིག་བསྒྲུབ་པའི་དོན་དུ། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ན་ཆུང་བྱིས་པའི་ལེ་ཚན《མེ་ཏོག་གངས་ལྷ》ཡི་རྩོམ་སྒྲིག་ཚན་ཆུང་གིས་ལེ་ཚན་འདིའི་སྔར་ཡོད་ཀྱི་ཚན་པ་དག་སོར་བཞག་བྱས་ཐོག《ལང་ཚོའི་འགྱུར་ཁུགས》ཞེས་པའི་ཕྲེང་བསྟར་ལེ་ཚན་ཞིག་གསར་ཏུ་བསྣན་ནས། དེ་ལ་ཆེད་དུ་ན་ཆུང་བྱིས་པའི་རིག་རྩལ་བརྩམས་ཆོས་ཏེ་བྱིས་པའི་གླུ་དང་གླུ་དབྱངས། རྡུང་ལེན། ཁ་ཤགས། བཞད་གར། བཤད་པ་སོགས་བསྡུ་རྒྱུ་ཡིན་ལ། དེ་ལས་བརྩམས་ཆོས་ལེགས་ཤོས་བདམས་ནས་འཁྲབ་སྟོན་པ་དང་གླུ་བ་གླུ་མ་ཆུང་ཆུང་ཚོ་ལེ་ཚན་ཕབ་གཏོང་ཁང་དུ་གདན་ཞུས་ཀྱིས་བརྩམས་ཆོས་བརྙན་འབེབས་སྒྲིག་བཟོ་བྱས་ནས《མེ་ཏོག་གངས་ལྷ》ལས་བསྟུད་མར་གཏོང་རྒྱུ་ཡིན་ཅིང་། ལོ་མཇུག་ལ་དེ་དག་མཉམ་དུ་བསྡུས་ནས་ན་ཆུང་བྱིས་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཀྱང་བསྒྲུབ་རྩིས་ཡོད་པས། རྒྱ་ཆེའི་ཁྱིམ་བདག་དང་དགེ་རྒན་ཚོས་རང་ཅག་ཐུན་མོང་གི་ལས་དོན་འདི་ལ་ཐུགས་ཁུར་དོ་སྣང་དང་རྒྱབ་སྐྱོར་རམ་འདེགས་ཀྱིས་བྱིས་པའི་རིག་རྩལ་བརྩམས་ཆོས་ལེགས་པོ་ཡོད་ན་མྱུར་དུ་ང་ཚོ་ལ་བསྐུར་གནང་ཡོང་རྒྱུ་ཐུགས་འཇགས་འཚལ།
གཅིག བརྩམས་ཆོས་ཀྱི་ནང་དོན་དང་ཆ་རྐྱེན།
༡ བརྩམས་ཆོས་ཀྱི་ནང་དོན་གྱི་ཆ་ནས་ན་ཆུང་བྱིས་པའི་བློ་དང་མོས་པར་ཤིན་ཏུ་འཚམས་ཤིང་ཚིག་དང་དབྱངས་གང་གི་ཆ་ལའང་བྱིས་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡིན་དགོས་པར་མ་ཟད། བརྩམས་ཆོས་ཡོད་ཚད་བོད་སྐད་དག་མ་ཡིན་དགོས་ལ། བརྩམས་ཆོས་གསར་བ་ཡིན་ན་རབ་ཡིན།
༢ གླུ་དབྱངས་དང་རྡུང་ལེན་སོགས་རོལ་མོའི་བརྩམས་ཆོས་དག་རམ་འདེགས་རོལ་མོའི་སྒྲིག་སྦྱོར་བཟང་ཞིང་སྒྲ་བླངས་པ་ཚད་ལྡན་སྤུས་དག་ཡིན་དགོས།
༣ ཁ་ཤགས་དང་བཞད་གར་སོགས་བཤད་པ་དང་འཁྲབ་པའི་རིགས་ཀྱི་བརྩམས་ཆོས་ཀྱང་སྒྲ་བླངས་ནས་བསྐུར་དགོས།
གཉིས། བརྩམས་ཆོས་བསྡུ་བའི་དུས་ཡུན།
བརྩམས་ཆོས་བསྡུ་བའི་དུས་ཡུན་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་གཅིག་གི་ཡར་སྔོན་བར་ཡིན།
གསུམ། བརྩམས་ཆོས་བསྐུར་སྟངས།
བརྩམས་ཆོས་སྦྲགས་སྲིད་དང་དྲ་ལམ་གང་རུང་ནས་བསྐུར་ཆོག་སྟེ། སྦྲགས་སྲིད་བརྒྱུད་ནས་བསྐུར་ན་སྒྲ་བླངས་ཟིན་པའི་བརྩམས་ཆོསDVDདངCDཟེར་སྡེར་ལ་བཞག་ནས་བསྐུར་དགོས་ལ། དྲ་ལམ་ནས་བསྐུར་ན་སྒྲ་བླངས་ཟིན་པའི་བརྩམས་ཆོསmp3གྱི་ལམ་ནས་ཡིག་ཟམ་དུ་བསྐུར་དགོས། ཞར་ལ་བརྩམས་ཆོས་ཀྱི་ཚིག་དང་རྩོམ་པ་པོའི་མིང་། དེ་མིན་ཁྱིམ་བདག་གི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས།
བཞི། བརྩམས་ཆོས་བསྐུར་ཡུལ།
མཚོ་སྔོན་བོད་སྐད་བརྙན་འཕྲིན་ཆེད་སྒྲིག་ཚན་ཁག (西宁市西关大街81号 青海广播电视台藏语卫视 社教部)
སྦྲགས་སྲིད་ཨང་གྲངས། 810001
ཡིག་ཟམ། gzdj1979@163.com
QQ། 2293574505
འབྲེལ་གཏུག་བྱ་ཡུལ། སྐལ་བཟང་རྡོ་རྗེ། 0971-6329295དང15897087891

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།