དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་བ།
དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་བ།
ཟླ4བའི་ཚེས7ཉིན་གྱི་དགོང་མོ། གདན་འདྲེན་ཞུས་པ་ལྟར་དོར་ཞི་གདུང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་སློབ་ཁྲིད་གནང་ཞིང་། ཧ་ལམ་དགེ་སློབ600ལྷག་ཐེངས་འདིའི་སློབ་ཁྲིད་ལ་ཞུགས་པ་མ་ཟད་སེམས་རྣལ་ལ་ཕབ་སྟེ་སློབ་ཁྲིད་ལ་གསན་པ་དང་། སློབ་ཁྲིད་ཀྱི་མཇུག་རྫོགས་དུས། ཁོང་གིས་དགེ་སློབ་དག་གི་དྲི་བར་ལན་ཞིབ་མོ་བཏབ་སྟེ་འདིར་ཞུགས་དགེ་སློབ་དག་གི་དགའ་བསུ་བླ་མེད་ཐོབ་པ་རེད།
སློབ་ཁྲིད་གནང་བའི་ཡུལ་དངོས་ཀྱི་རྣམ་པ།
མ་ཟད། རྒྱུས་ལོན་བྱུང་བ་ལྟར་ན། ཟླ4བའི་ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད15:00སྟེང་། དོར་ཞི་གདོང་དྲུག་སྙེམས་བློས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་སྙན་ཞུའི་ཚོམས་ཁང་དུ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་འབུམ་རམས་པ་དང་རབ་འབྱམས་པ་དང་ལྷན་དུ་བགྲོ་གླེང་འབྲེལ་འདྲིས་གནང་བ་རེད།
སློབ་ཁྲིད་གནང་བའི་ཡུལ་དངོས་ཀྱི་ཟུར་ཞིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com