མཚོ་སྔོན་སློབ་གསོ་ཐིན་གྱིས་འགྲུལ་བཞུད་མི་འབོར་གྱི་བྱིས་པའི་སློབ་གསོ་ཐད་ནས་བརྡ་གསར་བཏང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-10 10:30:00 ཀློག་གྲངས།:
     ཉེ་ལམ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས《འོས་འགན་སློབ་གསོའི་དུས་རིམ་གྱི་འགྲུལ་བཞུད་མི་འབོར་གྱི་བྱིས་པ་དང་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་སློབ་གསོར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་ཐོ》བཏང་།
     བརྡ་ཐོ་རུ་བསྟན་དོན། སློབ་གྲྭ་ཆུང་འབྲིང་སོ་སོས་གོང་རིམ་སློབ་གསོ་ཐིན་སྲིད་འཛིན་སྡེ་ཁག་གིས་གཅིག་གྱུར་བཀོད་སྒྲིག་གནང་བའི་ཆ་རྐྱེན་དང་མཐུན་པའི་འགྲུལ་བཞུད་མི་འབོར་གྱི་བྱིས་པ་དང་ལེན་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་ཡང་ན་མཐོང་ཆུང་གཏན་ནས་བྱེད་མི་རུང་། གལ་སྲིད་སློབ་གསོའི་ཐོན་ཁུངས་མི་འདང་བ་དང་སློབ་གྲྭའི་སློབ་མ་མང་བ། འཛིན་གྲྭའི་མི་གྲངས་མང་དྲགས་ནས་འགྲུལ་བཞུད་མི་འབོར་གྱི་བྱིས་པ་དང་ལེན་བྱེད་དཀའ་བའི་གནས་སུ་ལྷུང་ཚེ་ས་གནས་ཀྱི་སློབ་གསོ་ཐིན་སྲིད་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་འགྲུལ་བཞུད་མི་འབོར་གྱི་བྱིས་པ་སློབ་གྲྭར་ཞུགས་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་གིས་འགྲུལ་བཞུད་མི་འབོར་གྱི་བྱིས་པར་འཛིན་གྲྭ་ཁེར་བསྒྲུབ་བྱེད་མི་ཆོག་ལ། སློབ་ཁྲིད་དང་། བྱ་དགའ་གནང་བ། ཕུལ་བྱུང་དཔེ་ལེགས་འདེམ་པ་དང་། གུང་གཞོན་ཚོགས་པར་ཞུགས་པ་སོགས་ཀྱི་ཐད་ནས་ཀྱང་ས་གནས་སློབ་མ་རྣམས་དང་གཅིག་མཚུངས་ཡིན་དགོས་ཤིང་། གཅིག་གྱུར་གྱིས་དོ་དམ་དང་གཅིག་གྱུར་གྱིས་སློབ་ཁྲིད་བྱེད་པའི་བྱ་བ་ལག་བསྟར་སྒོས་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་ཁག་ཐེག་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།