དཀར་མཛེས་སེར་ཤུལ་གྱི་རྡོ་བརྐོས་དེ་རྒྱལ་ཡོངས་ཀྱི་གསར་རྙེད་གནའ་རྫས་རིགས་བཅུའི་ཁོངས་སུ་ཚུད་པ།
སེར་ཤུལ་རྫོང་ཁོངས་སུ་ཡོད་པའི་བྲག་བརྐོས་ལྷ་སྐུ།
ཟླ4པའི་ཚེས9ཉིན། རྒྱལ་ཁབ་རིག་དངོས་ཅུའི་དྲ་བའི་སྟེང2013ལོའི་རྒྱལ་ཡོངས་ཀྱི་གསར་རྙེད་གནའ་རྫས་རིགས་བཅུ་ཁྱབ་བསྒྲགས་བྱས་ཤིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་དེའི་ཁོངས་སུ་བདམས་པ་རེད།
སེར་ཤུལ་གྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ནི་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་སུ་མངའ་ཞིང་། གནའ་རྫས་རྟོག་དཔྱོད་པས་སེར་ཤུལ་རྫོང་གི་ཤར་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་འབབ་ཡུལ་དུ་གནས་གསུམ་ནས་ལོ་ངོ1000ལྷག་གི་སྔོན་གྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་སྐོར་ཞིག་རྙེད་ལ། དེ་ནི་བོད་ཁམས་སུ་གཞི་རྒྱ་ཆེས་ཆེ་བ་དང་གྲུབ་ཚུལ་ཆེས་ཚགས་དམ་པོའི་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ཡིན་པ་རེད། དེས་བོད་ཐང་གནའ་ལམ་གྱི་འགྲིམ་འགྲུལ་གནད་འགག་ཅིག་སེར་ཤུལ་རྫོང་ཁོངས་སུ་ཡོད་པ་ངེས་གཏན་བྱས་པར་མ་ཟད། བཙན་པོའི་རྒྱལ་རབས་སྐབས་ཀྱི་ནང་བསྟན་ལོ་རྒྱུས་དང་ནང་བསྟན་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་ཐུབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com