ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > མཚོ་སྔོན་གྱིས་སྐོར་ཐེངས9ལ་གཞུང་ཞབས་པ་བསྡུ་ལེན་དང་ལས་དོན་ལས་ཁུངས་ལ་གདན་ཞུ་བྱེད་པའི་རྒྱུགས་ལེན་རེད།
མཚོ་སྔོན་གྱིས་སྐོར་ཐེངས9ལ་གཞུང་ཞབས་པ་བསྡུ་ལེན་དང་ལས་དོན་ལས་ཁུངས་ལ་གདན་ཞུ་བྱེད་པའི་རྒྱུགས་ལེན་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2014-04-25 10:29:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས2014ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་གཞུང་ཞབས་པ་བསྡུ་ལེན་དང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གདན་ཞུའི་རྒྱུགས་ལེན་འཆར་གཞི་གཏན་འཁེལ་བྱས་ཡོད།
ད་ལོར་གཞུང་ཞབས་པ་བསྡུ་ལེན་དང་ལས་ཁུངས་ལས་དོན་ལ་གདན་ཞུ་བྱེད་པའི་བྱ་བ་དེ་སྐོར་ཐེངས9ལ་སྤེལ་རྒྱུ་ཡིན་པ་དང་། མིག་སྔར་འཆར་གཞི་ལྟར་ལག་བསྟར་བྱེད་བཞིན་ཡོད། གཞུང་ཞབས་པ་བསྡུ་ལེན་དང་ལས་ཁུངས་ལ་མི་སྣ་གདན་ཞུ་བྱེད་པའི་བྱ་བར་མུ་མཐུད་དུ་མངོན་གསལ་དང་དྲང་སྙོམས། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་བསྡུ་བའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་བླང་བྱར་གཞིགས་ནས་གཞི་རིམ་ལས་བྱེད་པའི་དགོས་མཁོ་བསྐོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལྷག་པར་དུ་བོད་ཁུལ་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དང་འབྲེལ་ནས་ད་ལོའི་རྒྱུགས་སྤྲོད་བསྡུ་ལེན་དང་གདན་ཞུའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་རྒྱུ་རེད།
གཞན་ཡང་མཚོ་སྔོན་གྱིས་སྐོར་གསར་བའི་སློབ་ཆེན་སློབ་མའི་ལས་སྐྲུན་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད། གསར་སྐྲུན་སྒོས་ལས་སྐྲུན་ལ་སྣེ་ཁྲིད་དེ་ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས། སློབ་ཆེན་སློབ་མའི་ལས་སྐྲུན་སྣེ་ཁྲིད་འཆར་གཞི་ལག་བསྟར་འཆར་འགོད་ཞིབ་འཇུག་གཏན་འཁེལ་བྱས་ཏེ་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་སྐྲུན་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་རྩ་འཛུགས་བྱེད་པ་དང་། ལས་སྐྲུན་སློབ་གསོ་ཁྱབ་གདལ་དང་ལས་སྐྲུན་གསོ་སྦྱོང་ལ་ཤུགས་སྣོན་པ། ལས་དོན་སྒྲུབ་པའི་གོ་རིམ་སླ་བཅོས། མ་དངུལ་མཉམ་འདྲེས་ཀྱི་བྱེད་ཐབས་རྒྱ་བསྐྱེད། ལས་སྐྲུན་ཞབས་ཞུ་གསར་སྐྲུན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་སློབ་ཆེན་སློབ་མའི་ལས་སྐྲུན་གྱི་སྙིང་སྟོབས་ཆེར་བསྐྱེད་དེ། སློབ་ཆེན་སློབ་མའི་རང་བདག་ལས་སྐྲུན་གྱི་བསྡུར་ཚད་དང་ལས་སྐྲུན་ལེགས་འགྲུབ་བྱུང་ཚད་རིམ་བཞིན་ཇེ་མཐོར་གཏོང་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།