མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་ལུས་རྩལ་འགྲན་ཚོགས་བསྡུས།
ཟླ4བའི་ཚེས26ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་བརྒྱད་པ་དེ་སློབ་གྲྭའི་ལུས་རྩལ་ར་བ་རུ་བསྡུས་ཤིང་། ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་ནི་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཤེའུ་ཏེའུ་ཞང་གིས་མདོ་འཛིན་མཛད་པ་དང་། སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན་གྱིས་མཛད་སྒོའི་གཏམ་བཤད་གནང་།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་བསྡོམས་པས་འཐུས་ཚབ་རུ་ཁག47ཡོད་ཅིང་། ལུས་རྩལ་པ1058དང་འགྲན་ཞུགས་རྣམ་གྲངས49འདུས། དེ་ལས་དགེ་རྒན་གྱི་འཐུས་ཚབ་རུ་ཁག3དང་། ལུས་རྩལ་པ149འགྲན་ཞུགས་རྣམ་གྲངས4ཡི་ཛ་དྲག་འགྲན་བསྡུར་ལ་ཞུགས་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com