ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 2014ལོའི་སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་གིས་བོད་ཁུལ“1+2”རྣམ་པའི་སློབ་མ་བསྡུ་བའི་གསལ་བརྡ།
2014ལོའི་སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་གིས་བོད་ཁུལ“1+2”རྣམ་པའི་སློབ་མ་བསྡུ་བའི་གསལ་བརྡ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-06 08:44:00
ཀློག་གྲངས།:
གཅིག སློབ་གླིང་མཚམས་སྦྱོར་མདོ་བསྡུས།
སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་ནི་རྒྱལ་ཁབ་གཞུང་གི་སྒྲུབ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ལ།རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ཆེད་སྦྱོང་སློབ་ཆེན་བརྒྱ་ཐམ་པའི་གྲས་ཀྱི་གཅིག་ཡིན། སློབ་གླིང་འདིའི་ཕྱོགས་བསྡུས་ཀྱི་དངོས་ཤུགས་བཟང་བ་དང་སློབ་སྒྲུབ་ཀྱི་ལོ་རྒྱུས་ཧ་ཅང་རིང་ལ་ཁྱད་ཆོས་ལྡན། སློབ་གླིང་གི་ས་ཁྱོན་ལ་མུའུ800ལྷག་ཡོད། ས་གནས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ན་ཡོད།
རྒྱབ་ཁབ་ཀྱི་སྐུལ་བརྡའི་འོག་ཏུ། 2010ལོ་ནས་སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་གིས་སི་ཁྲོན་ཞིང་ཆེན་ལ་ཁ་ཕྱོགས་ཏེ། དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལིང་ཧྲན་ཁུལ། མུ་ལི་རྫོང་བཅས་ཀྱི་བོད་ཁུལགྱི་སློབ་རིན་མེད་པའི་སློབ་མ་བསྡུ་རྒྱུ་གཏན་འབེབས་བྱས་པ་ཡིན། སློབ་གྲྭ་འདིར་རྒྱུགས་འཕྲོད་པའི་སློབ་མས་སློབ་སྦྱོབ་བྱེད་པའི་སྐབས་སུ་སློབ་ཡོན་དང་། ཁང་རིན། དཔེ་རིན་ཚང་མ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིས་རོགས་སྐྱོར་བྱེད་པར་མ་ཟད། སློབ་མ་རེར་ཟླ་རེར་སྒོར600འཚོ་བའི་གསབ་དངུལ་སྤྲོད་པ། ལོ་གསུམ་གྱི་སློབ་སྦྱོང་མཇུག་སྒྲིལ་སྐབས་སློབ་མའི་རྒྱུགས་འབྲས་ཚད་ལ་ལོན་ན། དཀྱུས་མའི་མཐོ་རིམ་ལག་རྩལ་ཆེད་སྦྱོང་གི་མཐར་ཕྱིན་ལག་རྟགས་སྟེར་བ་དང་། སློབ་གྲྭས་ཐད་ཀར་དུ་རྫོང་གི་གློག་ཤུགས་ཀུང་སིར་ལས་བགོ་བྱས་ཏེ་རྫོང་གི་གློག་ཤུགས་ཀུང་སིའི་ལས་བྱེད་དངོས་བྱེད་དུ་འཇུག་པ་ཡིན།
གཉིས། 2014ལོའི་ཆེད་སྦྱོང་སློབ་མ་བསྡུ་བའི་འཆར་གཞི།
སློབ་མའི་ཆེད་ལས། གློག་འདོན་ལས་གྲྭ་དང་གློག་ཤུགས་མ་ལག
སློབ་བསྡུའི་འཆར་གཞི། སྡོམ་པས་སློབ་མ244བསྡུ་རྒྱུ། དེ་ལས་དཀར་མཛེས་ཁུལ་ལ་སློབ་མ119དང་རྔ་བ་ཁུལ་ལ་སློབ་མ110དང་། ལིང་ཧྲན་ཁུལ་དང་མུ་ལི་རྫོང་ལ་སློབ་མ15བསྡུ་རྒྱུ་ཡིན།
རྫོང་ཁག་བགོས་ནས་སློབ་བསྡུའི་འཆར་གཞི་རེའུ་མིག་ནང་གསལ། 2014ལོའི་སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་གིས་ཁུལ་དང་རྫོང་ཁག་བགོས་ཏེ།ཕྱོགས་ཁེལ་སློབ་མ་བསྡུ་བ། ཕྱོགས་ཁེལ་གསོ་སྐྱོང་། གནས་ཁེལ་བཀོད་སྒྲིག་བྱེད་པ།
གསུམ། སློབ་བསྡུ་ཁ་གཏད་དང་ཆ་རྐྱེན།
སློབ་མ་བསྡུ་བའི་ཁ་གཏད་ཡུལ་ནི2014ལོའི་དཀྱུས་མའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཕུད་ཁྱིམ་ཐོ་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལིང་ཧྲན་ཁུལ། མུ་ལི་རྫོང་བཅས་ཀྱི་སློབ་དུས་འདིའི་མཐོ་འབྲིང་མཐར་ཕྱིན་པའི་སློབ་མ་ཡིན་དགོས་ལ། མཐོ་རྒྱུགས་ཀྱི་སྐར་ཚད་སི་ཁྲོན་ཞིང་ཆེན་སློབ་བསྡུ་ཨུ་ཡོན་གྱིས“1+2”སློབ་བསྡུའི་གཏན་ཁེལ་སྐར་ཚད་ལ་ལོན་དགོས། བོད་ཡིག་གཙོ་བྱས་པའི་རིགས་དང་པོའི་རྒྱུགས་ལེན་རྣམ་པའི་སློབ་མ་སྟེ། རྒྱ་ཡིག་གིMHKརིམ་གསུམ(三级)ཚད་ལོན་དཔང་རྟགས་ངེས་པར་ཡོད་དགོས།
སློབ་མ་བསྡུ་བའི་རྣམ་པ། རྩིས་ཚན་སློབ་མ་ཡིན།
བཞི། རེ་འདུན་འགོད་ས།
སི་ཁྲོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གི་རེ་འདུན་ལ་ལོངས་པའི་སློབ་མས། 2014ལོའི་མཐོ་འབྲིང“1+2”རྣམ་པའི་མཐོ་རིམ་སློབ་གསོ་སློབ་མ་བསྡུ་བའི་གཏན་ཁེལ་གྱི་དུས་ཚོད་ལྟར་དྲ་ཐོག་ནས་རེ་འདུན་གྱི་རེའུ་མིག་བསྐང་བ། རེ་འདུན་རེའུ་མིག་ཏུ་གདམ་པ་དེས་ཁ་གཏད་སའི་རྫོང་གི་ཚབ་བྱས་ཏེ་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་སློབ་མས་མ་མཐའ་ཡང་ཆེད་ལས་ཀྱི་རེ་འདུན་མི་འདྲ་བ་དྲུག་འདེམ་ཆོག་ལ། མུ་ལི་རྫོང་གི་སློབ་མའི་རང་རྫོང་མ་གཏོགས་འདེམ་མི་ཆོག ཁ་གཏད་སའི་སློབ་མ་བསྡུ་བའི་རྫོང་གི་སློབ་མས་རེ་འདུན་དང་པོ་ངེས་པར་དུ་རང་རྫོང་འདེམ་དགོས། དེ་མིན་ན་རེ་འདུན་དང་པོར་ནུས་པ་མེད། ཁ་གཏད་ས་མེད་པའི་སློབ་མ་བསྡུ་བའི་རྫོང་གི་སློབ་མས་རང་ཁུལ་དུ་རང་མོས་ལྟར་རེགའདུན་བསྐང་ཆོག རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱི་སློབ་མས་ཁ་གཏད་སའི་རེ་འདུན་ལ་མ་བསྟུན་པར་ཁུལ་ལས་བརྒལ་ཏེ་རེ་འདུན་བསྐངས་ན་ནུས་པ་མེད།
ལྔ། སློབ་མ་གསར་བ་བསྡུ་བ།
སི་ཁྲོན་གློག་ཤུགས་ལག་རྩལ་ཆེད་ལས་སློབ་གླིང་གིས་བོད་ཁུལ“1+2” སློབ་མ་གསར་བ་བསྡུ་བའི་བྱ་བ་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གིས་གཅིག་གྱུར་བཀོད་སྒྲིག་འོག་ལག་སྟར་བྱེད་རྒྱུ་ཡིན། ཐོག་མར་སློབ་གྲྭའི་རྒྱུགས་སྐར་མཐོ་བ་ནས་དམའ་བའི་རིམ་པ་ལྟར་བསྒྲིགས་ཏེ། ཁ་གཏད་སའི་རང་རྫོང་གི་རེ་འདུན་དང་པོའི་སློབ་མ་སྔོན་ལ་བསྡུ་རྒྱུ་ཡིན། རང་རྫོང་གི་སློབ་མའི་ཁ་མ་གང་ན། སློབ་མའི་རེ་འདུན་གྱི་རིམ་པ་ལྟར། ཕྱོགས་ཡོངས་ནས་ཀུན་རིག་རྩོལ་གསུམ་ལ་འདང་རྒྱབ་ནས་སློབ་མ་བསྡུ་རྒྱུ། ད་རུང་སློབ་མའི་ཁ་མ་གང་ན། སློབ་གྲྭས་སློབ་མའི་རེ་འདུན་སྡེབ་སྒྲིག་བྱས་ཏེ་རེ་འདུན་སྙོམ་སྒྲིག་གིས་སློབ་མ་བསྡུ་རྒྱུ།
དྲུག སློབ་མ་བསྡུས་བའི་གནས་ཚུལ་ལ་བལྟ་བ་དང་བརྡ་ཐོ་འབྱོར་སྟངས།
སློབ་མ་བསྡུ་རྒྱུ་མཚམས་བཞག་རྗེས། སློབ་གྲོགས་ཚོས་སི་ཁྲོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གི་དྲ་ཚིགསwww.sceea.cnདང་སློབ་གླིང་སློབ་མ་བསྡུ་བའི་ལས་ཞུགས་དྲ་ཚིགསwww.scdyedu.cnའདྲི་རྩད་བྱས་ཆོག
ཁུལ་གསུམ་སློབ་མ་བསྡུ་བའི་གཞུང་སྒྲུབ་ཁང་གིས་སློབ་མ་བསྡུ་བ་མཇུག་སྒྲིལ་རྗེས། སློབ་གྲྭས་བསྡུ་ལེན་བྱས་ཡོད་པའི་སློབ་མས་རྒྱུགས་སྤྲོད་དཔང་ཡིག་དང་སྡོད་གནས་དཔང་ཡིག་སོགས་གོ་ཆོད་པའི་དཔང་ཡིག་ཁྱེར་ཡོང་ནས་རྫོང་གི་གློག་ཤུགས་མཁོ་འདོན་ཀུང་སི་ནས་སློབ་བསྡུའི་བརྡ་ཐོ་བླང་ཆོག
རྒྱ་ཆེ་བའི་ཁྱིམ་བདག་དང་བློ་ཡངས་པའི་སློབ་གྲོགས་རྣམས་ངེད་སློབ་གླིང་ལ་རྒྱུས་ལོན་བྱེད་དུ་ཡོང་བར་དགའ་བསུ་བྱེད། དེ་མིན་ངེད་སློབ་གྲྭའི་སློབ་མ་བསྡུ་བའི་བློ་འདྲི་ཁ་པར་དང་ངེད་སློབ་གླིང་གི་སློབ་མ་བསྡུ་བའི་ལས་ཞུགས་ཕྱོགས་སྡོམ་ཆ་འཕྲིན་ཞབས་ཞུ་དྲ་ཚིགས་བརྒྱུད་དེ། ཁ་པར་དང་དྲ་ལམ་གང་རུང་ནས་སློབ་མ་བསྡུ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཆོག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།