《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》རྩོམ་སྒྲིག་བགྲོ་ཚོགས་བསྡུས།
《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》རྩོམ་སྒྲིག་བགྲོ་ཚོགས་ཁྲིན་ཏུའུ་རུ་བསྡུས།
མིང་དུ་གྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བའི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ཅེས་པ་འདི2009ལོའི་ལོ་སྨད་དུ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། སྤྱོད་མཁན་དག་གི་དགའ་བསུ་ཆེས་ཆེར་ཐོབ་པ་དང་། 2011ལོའི་ཟླ2པར་ཁྲིན་ཏུའུ་རུ་ཤེས་ཡོན་པ་དང་ཆེད་མཁས་པ། ལོ་ཙཱ་བ་སོགས་ཀྱིས་གྲུབ་པའི་རྩོམ་སྒྲིག་ཚན་ཆུང་གིས《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ཀྱི་རྨང་གཞིའི་སྟེང་དེའི་ནང་དོན་ཐད་ལེགས་བཅོས་དང་ཁ་གསབ་བྱས་པ་དང་བགྲོ་གླེང་ཚོགས་འདུ་ཐེངས་གང་མང་ལ་ཚོགས་ལ། དེ་ནས་བཟུང་བྱ་བ་འདི་དངོས་སུ་མགོ་བརྩམས་པ་རེད།
རྒྱུས་ལོན་པ་ལྟར་ན། རྩོམ་སྒྲིག་ཚན་ཆུང་འདིས2011ལོ་དང་། 2012ལོ། 2013ལོ། 2014ལོ་བཅས་སུ་བསྡོམས་པས་རྩོམ་སྒྲིག་བགྲོ་གླེང་ཚོགས་འདུ་ཐེངས9ལ་ཚོགས་པ་དང་། ཉེ་བའི་དུས་ཀྱི་ཐེངས་ཤིག་ནི2014ལོའི་ཟླ5བའི་ཚེས1ནས་ཟླ5བའི་ཚེས10ཡི་བར་སྤེལ་ བ་དེ་ཡིན་ལ། རྩོམ་སྒྲིག་ཚན་ཆུང་འདི་ཡང་བསྐྱར་ཁྲིན་ཏུའུ་རུ་འཛོམས་ཏེ《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ཅེས་པ་འདི་ཁོངས་རྒྱ་ཆེ་བར་རྩོམ་སྒྲིག་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com