ཀན་ལྷོའི་ཀླུ་ཆུ་རུ་རྣམ་ཐར་འཁྲབ་སྟོན་གྱི་སྲོལ་རྒྱུན་བྱ་འགུལ་སྤེལ་བ།
སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་སྟོན་བྱེད་ཀྱིན་པ།
རྣམ་ཐར་འཁྲབ་སྟོན་བྱེད་པར་གྲ་སྒྲིག་བྱེད་པ།
ཟླ5པའི་ཚེས6ཉིན། ཀན་སུའུ་ཀན་ལྷོའི་ཀླུ་ཆུ་རྫོང་དུ་ལོ་གཅིག་ལ་ཐེངས་གཅིག་འཁྲབ་སྟོན་བྱེད་པའི་དམངས་ཁྲོད་ཀྱི་རྣམ་ཐར་འཁྲབ་སྟོན་བྱ་འགུལ་སྤེལ་འགོ་ཚུགས་ཤིང་། མི50ལ་ཉེ་བའི་རོང་འབྲོག་མང་ཚོགས་ཀྱིས་མ་བསྐུལ་དང་བླངས་སྒོས་བཙུགས་པའི་དམངས་ཁྲོད་ཟློས་གར་ཚོགས་པས་ཉིན་བཞིའི་རིང་ལ་ཡུལ་དེ་གའི་མང་ཚོགས་ལ《སྲོང་བཙན་སྒམ་པོ》དང་། 《རྒྱལ་བུ་ནོར་བཟང》། 《དྲི་མེད་ཀུན་ལྡན》བཅས་རྣམ་ཐར་གསུམ་འཁྲབ་སྟོན་བྱས་པ་རེད།
བོད་ཀྱི་རྣམ་ཐར་དེ2010ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་བཞག་ཅིང་། མིག་སྔར་ཡུལ་དེའི་རིག་གནས་སྡེ་ཁག་དང་དགོན་སྡེ་དག་གིས་བོད་ཀྱི་རྣམ་ཐར་གྱི་རིག་མཛོད་སྐྲུན་བཞིན་ཡོད་པ་རེད།
ཡུལ་དེའི་མང་ཚོགས་ཀྱིས་འཁྲབ་སྟོན་ལ་གཟིགས་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com