ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སློབ་ཆུང་སློབ་མར་དྲོད་ཁོལ་སྐྱེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-13 09:18:00 ཀློག་གྲངས།:


ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སློབ་ཆུང་སློབ་མར་དྲོད་ཁོལ་སྐྱེལ་བ།


ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སློབ་ཆུང་སློབ་མར་དྲོད་ཁོལ་སྐྱེལ་བ།

      ཟླ5བའི་ཚེས8ཉིན། ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་ལུང་ལེབ་སློབ་ཆུང་དང་སྒྱིས་ཚང་ཡུལ་ཚོའི་སྒྱིས་ཚང་སློབ་ཆུང་ལ་དབྱར་དགུན་གྱི་གྱོན་གོས་དང་། འབྲི་སྨྱུག  སྨྱུག་སྒམ། དཔེ་ཁུག  རྡོ་སོལ་སོགས་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སྐྱེལ་ཞིང་། གོང་གི་སློབ་ཆུང་དེ་གཉིས་ལ་བསྡོམས་པས་སློབ་མ96ཡོད་པ་དང་། སློབ་གྲྭ་འདི་རྣམས་ལུང་ཁུག་དག་ན་ཆགས་ཤིང་འགྲིལ་འགྲུལ་སྟབས་མི་བདེ་བ་ཡིན། ས་ནག་གཞས་ཚོགས་ཀྱིས་མེ་ཏོག་རྐང་གཅིག་ཡིན་ཡང་མཆོད་རྫས་ཡིན་པའི་འདུ་ཤེས་བཟུང་སྟེ་སློབ་གྲྭ་འདི་གཉིས་ལ་བྱམས་སེམས་དང་ཞལ་འདེབས་དངོས་པོ་ཕུལ་ཏེ། འདི་ལྟ་བུའི་ནུས་པ་ཆུང་ཆུང་གིས་ཀྱང་སློབ་མ་རྣམས་ལ་སྐུལ་ལྕགས་རེ་ཐོབ་པར་སྨོན་འདུན་བཅིངས།

 


ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སློབ་ཆུང་སློབ་མར་དྲོད་ཁོལ་སྐྱེལ་བ།


ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཡུལ་ཚོའི་སློབ་ཆུང་སློབ་མར་དྲོད་ཁོལ་སྐྱེལ་བ།

      མཐའ་མར། ས་ནག་གཞས་ཚོགས་ཀྱིས་སློབ་མ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་སློབ་མ་རྣམས་ཀྱི་མི་དང་ཁོར་ཡུག་འཆམ་མཐུན་ངང་གནས་པའི་འདུ་ཤེས་སྔར་ལས་ལྷག་པར་མཐོར་འདེགས་སུ་བཏང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།