ཀན་སུའུ་ཐན་ཁྲང་རྫོང་དུ་བོན་ཆོས་ཀྱི་ཡིག་ཚགས་མྱུར་སྐྱོབ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-15 10:23:00 ཀློག་གྲངས།:
      ཀན་སུའུ་ཞིང་ཆེན་ཐན་ཁྲང་རྫོང་བོན་ཆོས་ཀྱི་ཡིག་ཚགས་སྲུང་སྐྱོབ་འགོ་ཁྲིད་ཚན་ཆུང་གི་འགོ་གཙོའམ་ཐན་ཁྲང་རྫོང་ཨུའི་དྲིལ་སྒྲོག་པུའི་འགོ་གཙོ་ཝང་ཧྥུ་ཆོན་གྱིས་ཟླ5བའི་ཚེས14ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་པ་ལྟར་ན། ཐན་ཁྲང་རྫོང་གི་ཞིན་ཁྲིན་ཙི་བོད་རིགས་ཡུལ་ཚོ་དང་། ཀོན་ཨུ་ཀུའུ། ནན་ཧིའུ་བཅས་ཡུལ་ཚོ་གསུམ་དུ་བསྟུད་མར་ཐང་རྒྱལ་རབས་དུས་མཇུག་སྐབས་ཀྱི་མཐོང་དཀོན་པའི་བོན་ཆོས་ཀྱི་ཡིག་ཚགས40ལྷག་དང་ཤོག་གྲངས6800། ནང་དོན་ཐད་རྩིས་རྒྱག་དང་མོ་འདེབས། ནད་ཡམས་གསོ་བཅོས། གཉེན་དང་དུར་མཆོད། དུས་སྟོན་བསུ་བ། ལྷ་རིར་མཆོད་འབུལ། དེ་མིན་བོད་རིགས་ཀྱི་གནའ་བོའི་གདོད་མའི་མཚན་ཉིད་རིག་པ་སོགས་འདུས་ལ། འདི་ནི་ཆཱང་བོད་གནའ་བོའི་རྒྱལ་ཁབ་ཀྱི་དཔལ་ཡོན་གྱི་གསང་རྒྱ་བརྟོལ་བའི་ལྡེ་མིག་ཏུ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།