སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-19 09:22:00 ཀློག་གྲངས།:
  ཟླ5པའི་ཚེས17ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་གནང་བའི་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་སྤེལ་པ་རེད།
  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ནི་རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའི་རྣམ་གྲངས་ཤིག་ཡིན་ཞིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་གོང་སྤེལ་དང་སྲུང་སྐྱོབ་མཐུན་ཚོགས་ཀྱིས2006ལོ་ནས་བཟུང་མཉམ་དུ་སྒྲུབ་ཀྱིན་ཡོད་ལ། ལོ་བཞིར་ཐེངས་གཅིག་ལ་སྤེལ་བཞིན་ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་དཔྱད་འདེམས་བྱ་འགུལ་ཁྲོད་ཁྱོན་བསྡོམས་བརྩམས་ཆོས249འབྱོར་ཡོད། སྐབས་གསུམ་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའི་ཁྲོད་རྒྱ་ཡིག་གི་ཞིབ་འཇུག་ཆེད་སྒྲིག་བརྩམས་ཆོས་དང་། བོད་ཡིག་གི་ཞིབ་འཇུག་ཆེད་སྒྲིག་བརྩམས་ཆོས། རྒྱ་ཡིག་གི་རིག་གཞུང་དཔྱད་རྩོམ། བོད་ཡིག་གི་རིག་གཞུང་དཔྱད་རྩོམ། དབྱིན་ཡིག་གི་དཔྱད་འབྲས། རྨང་གཞིའི་རྒྱུ་ཆའི་དཔྱད་འབྲས་བཅས་རིགས་དྲུག་འདུས་ཤིང་། དེ་ལས་གཞན་དམིགས་བསལ་བྱ་དགའ་དང་གཟི་ལྡན་བྱ་དགའ་ཡང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།