ཐེམ་ཆེན་མི་རིགས་སློབ་འབྲིང་གཉིས་པ་དང་ཏུའུ་ལན་མི་རིགས་སློབ་འབྲིང་གིས་སློབ་ཁྲིད་ཉམས་མྱོང་བརྗེ་རེས་བྱས།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-22 08:27:00 ཀློག་གྲངས།:

  ཉེ་ཆར། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་དང་ཏུའུ་ལན་རྫོང་མི་རིགས་སློབ་འབྲིང་གཉིས་ཀྱིས་སློབ་ཁྲིད་ཉམས་མྱོང་བརྗེ་རེས་བྱེད་པའི་བྱ་འགུལ་དེ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་སྤེལ།
  ཞོགས་པའི་ཉི་རྩེ་སློབ་གྲྭའི་ར་སྐོར་ཡོངས་ལ་འཕྲོས་པ་དང་ལྷན་དུ།  ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་ཡོངས་ཀྱིས་འཛིན་གྲྭ་དང་འཛིན་གྲྭ་བྱས་ཏེ་དཔེ་ཆ་བློ་སྐྱོར་གྱི་ལས་ལ་བྲེལ་བཞིན་ཡོད་ལ། དགེ་རྒན་དག་ཀྱང་ནངས་སྔ་མོ་ནས་ལངས་ཏེ་སློབ་མའི་དཔེ་ཆ་ཀློག་འདོན་ལ་ཟུར་ཁྲིད་བྱེད་བཞིན་ཡོད། ཐེངས་འདིར་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་ཏུའུ་ལན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སྐོར་ཞིག་ཁོ་ཚོའི་སློབ་གྲྭ་རུ་གདན་ཞུ་བྱས་ཏེ་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་ཀྱིན་ཡོད།
  སློབ་ཁྲིད་ཀྱི་སྐོར་ལ་བོད་ཡིག་དང་རྒྱ་ཡིག  དབྱིན་ཡིག ཚབ་རྩིས་སོགས་སློབ་ཐུན་མང་པོ་བཀོད་སྒྲིག་བྱས་ཡོད་ལ། སློབ་མ་གཙོར་འཛིན་པའི་སློབ་ཁྲིད་བྱེད་ཐབས་གསར་བ་གཙིགས་སུ་བཟུང་བས། གཅིག་ན་སློབ་མའི་ཤེས་བྱ་མཐོར་འདེགས་སུ་འགྲོ་བར་ཕན་ངེས་ཅན་ཐོགས་པར་མ་ཟད། གཉིས་སུ་སློབ་གྲྭ་ཕན་ཚུན་བར་གྱི་སློབ་ཁྲིད་བྱེད་ཐབས་བརྗེ་རེས་བྱས་པ་འདིས།  སློབ་གྲྭ་འདི་གཉིས་ཀྱི་ཕྱོགས་སོ་སོའི་སློབ་གསོ་གོང་འཕེལ་ལ་ཕན་ངེས་ཅན་ཐོགས་ཡོད།
  ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པས་སློབ་གྲྭ་ཕན་ཚུན་བར་སློབ་ཁྲིད་སོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པའི་བྱ་འགུལ་འདི་ལོ་རེ་བཞིན་སྤེལ་བཞིན་ཡོད་ལ། རང་མཚོ་ནུབ་ས་ཁུལ་གཙོ་བྱས་ཏེ་མཚོ་ལྷོ་འབབ་རྫོང་སོགས་སུ་ཕྱིན་ནས་སློབ་ཁྲིད་བྱེད་ཐབས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད། མུ་མཐུད་དུ་སློབ་གྲྭ་གཞན་དང་མཉམ་འབྲེལ་བྱས་ཏེ་འདི་ལྟ་བུའི་བྱ་འགུལ་མང་དུ་སྤེལ་རྩིས་ཡོད།
 
 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།