བོད་ལུགས་གསོ་རིག་སྨན་རྫས་དང་ནུབ་རྒྱུད་མི་རིགས་ཀྱི་གསོ་རིག་གོང་སྤེལ་གླེང་སྟེགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-25 11:50:00 ཀློག་གྲངས།:
  ཟླ5པའི་ཚེས22ཉིན། ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཀྲུང་གོའི་བོད་ལུགས་གསོ་རིག་སྨན་རྫས་དང་ནུབ་རྒྱུད་མི་རིགས་ཀྱི་གསོ་རིག་གོང་སྤེལ་གླེང་སྟེགས་དེ་ཡུན་ནན་སེམས་ཀྱི་ཉི་ཟླ་རུ་གཟབ་རྒྱས་ངང་བསྡུས་པ་རེད། གླེང་སྟེགས་སྟེང་འབྲེལ་ཡོད་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་ལས་ཁུངས་དང་། སྨན་བཅོས། སློབ་གསོ། སྨན་སྦྱོར་ཁེ་ལས་སོགས་ཀྱི་མི་རིགས་སྨན་རྫས་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཆེད་མཁས་མི200ལྷག་ཞུགས་འདུག
  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་འབེན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་དང་ནུབ་རྒྱུད་མི་རིགས་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་དཔྱད་འབྲས་སྤྱི་བསྡོམས་དང་། རིག་གཞུང་བགྲོ་གླེང་དང་ཐོན་ཁོངས་མཉམ་སྤྱོད་ཀྱི་སྟེགས་བུ་ཞིག་བསྐྲུན་ནས། བོད་ལུགས་གསོ་རིག་དང་མི་རགས་ཀྱི་གསོ་རིག་ལས་དོན་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།