མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་སློབ་མའི་མཛེས་རྩལ་འགྲེམ་སྟོན་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-28 14:33:00 ཀློག་གྲངས།:

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་སློབ་མའི་མཛེས་རྩལ་འགྲེམ་སྟོན་སྤེལ།
སྐབས་གསུམ་པའི་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྲོལ་རྒྱུན་
བཟོ་རྩལ་ཆེད་ལས་སློབ་མའི་མཛེས་རྩལ་འགྲེམ་སྟོན་སྤེལ།

     སློབ་རའི་རིག་གནས་སྒྱུ་རྩལ་གྱི་མཁའ་དབུགས་སྤྲོ་སྣང་ལྡན་པ་དང་། སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས། སློབ་མའི་གསར་སྐྲུན་གྱི་ནུས་པ་དང་ལག་ལེན་གྱི་ནུས་པ། སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་ཀྱི་སློབ་གསོའི་གྲུབ་འབྲས་གསལ་སྟོན་བྱ་ཆེད། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས2014ལོའི་ཟླ5པའི་ཚེས22ནས23ཉིན་སྐབས་གསུམ་པའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་སློབ་མའི་མཛེས་རྩལ་འགྲེམ་སྟོན་འདི་སྤེལ།


དགེ་སློབ་དག་གིས་མཛེས་རྩལ་འགྲེམ་སྟོན་ལ་གཟིགས་པ།

     ཐེངས་འདིའི་འགྲེམ་སྟོན་ནི2012ལོའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་ཆེད་ལས་ཐང་ག་འཛིན་གྲྭས་གཙོ་སྒྲུབ་བྱས་པ་ཡིན།  ཐེངས་འདིའི་འགྲེམ་སྟོན་ལ་ཐང་ག་གཙོ་བྱས་པའི་གཙགས་དྲུབ་དང་། ནག་རིས། མགྱོགས་བྲིས། བོད་ལུགས་རྒྱན་རིས། མཐོང་སྒྲིབ་རིག་པ། ཆུ་ཚོན་རི་མོ། རྒྱལ་སྲོལ་རི་མོ། ཡིག་གཟུགས། མཚོན་རྟགས་ཇུས་འགོད་སོགས་ཁྱོན་བསྡོམས་བརྩམས་ཆོས700ལྷག་ཡོད།


དགེ་སློབ་ཀྱི་ལྷན་པར།

     ཐེངས་འདིའི་འགྲེམ་སྟོན་སྟེང་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་སློབ་གསོ་སྡེ་ཁག་གི་འགོ་ཁྲིད་དང་སློབ་གྲྭ་སོ་སོའི་སློབ་གཙོ་དག་གདན་ཞུ་བྱས་ཡོད་པར་མ་ཟད། ཐེངས་འདིའི་འགྲེམ་སྟོན་ལ་རྫོང་སོ་སོ་ནས་ཕེབས་པའི་འགོ་ཁྲིད་དང་སློབ་གྲྭའི་དགེ་སློབ། ལྟད་མོ་བ་བཅས་ཀྱིས་དགའ་བསུ་ཆེན་པོ་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།