བོད་རིག་པའི་ཆེད་མཁས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་དཔེ་ཁྲིད་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-11 11:25:00 ཀློག་གྲངས།:

“当代日本藏学之父”康噶·楚称格桑进行学术交流
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག(རྒྱུ་ཆའི་པར་རིས།)

  ཟླ6པའི་ཚེས5ཉིན་ནས་ཟླ7པའི་ཚེས8ཉིན་བར། རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་གྲགས་ཅན་ནམ་ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རིག་གཞུང་བགྲོ་གླེང་གནང་ཞིང་། གཙོ་བོ་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་ཚད་ལྡན་ཡིག་ཆ་ཁང་ནས་བསྡུ་ཉར་དང་ལེགས་སྒྲིག་བྱས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པའི་པོད་བཅུ་གཅིག་ཡོད་པའི《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གསུང་འབུམ》གཙོར་བྱས་ནས་དཔེ་ཁྲིད་གནང་བ་རེད།
  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཆོས་ལུགས་རིག་པའི་འབུམ་རམས་པ། ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། ཉི་ཧོང་ཁྲེན་ཐེན་ནང་བསྟན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ། ཉི་ཧོང་མེང་ཀོའུ་སློབ་ཆེན་དང་། ཁྱོ་ཐོ་སློབ་ཆེན། ཁྱོ་ཐོ་ཕྱིའི་སྐད་ཡིག་སློབ་ཆེན་སོགས་སློབ་ཆེན་བཅུ་གཉིས་ཀྱི་གདན་ཞུའི་སློབ་དཔོན་ཆེན་མོའི་འགན་གཅིག་ལྕོག་ཏུ་བཞེས་ཡོད། ནང་བསྟན་ཆོས་གཞུང་སྤྱི་དང་། སྒོས་སུ་ནང་བསྟན་ཆོས་གཞུང་དཔྱད་སྡུར་རིག་པའི་ཕྱོགས་ལ་དཔྱད་འབྲས་འབུར་དུ་ཐོན་པས་ཉི་ཧོང་གི་བོད་རིག་པའི་ཡབ་ཆེན་ཏུ་གྲགས། ཁོང་གི་གསུང་རྩོམ་ལ། ཆོས་མངོན་པ་དང་འབྲེལ་བའི་སྤྱི་བཤད་འགྲེལ་པ་མངོན་པའི་རྒྱན་གྱི་རྒྱན་དང་། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན། རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཉི་མ། རྣལ་འབྱོར་སྤྱོད་པ་དང་དབུ་མ་པའི་ལྟ་གྲུབ་དཀའ་གནད་ཕྱོགས་སྡོམ་སོགས་པོད་ཉེར་ལྔ་ལྷག་དང་། སྒྱུར་སྒྲིག་གནང་པ་ལ། རྗེ་རྩོང་ཁ་བའི་ཀུན་གཞི་དཀའ་འགྲེལ་སྐད་གཉིས་ཤན་སྦྱར་དང་། རྗེ་ཙོང་ཁ་བའི་རྟོགས་བརྗོད་འདུན་ལེགས་མ་སྐད་གཉིས་ཤན་སྦྱར། ལམ་རིམ་རྣམ་གསུམ་སྐད་གཉིས་ཤན་སྦྱར་སོགས་པོད་སུམ་ཅུར་ལོངས་པ་ཡོད་དོ། །
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།