ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > རྩོམ་ཡིག12ལ་རྒྱལ་ཡོངས་བོད་སྐད་སྨྱན་བྱད་གསར་འགྱུར་གྱི་བྱ་དགའ་ཐོབ་པ།
རྩོམ་ཡིག12ལ་རྒྱལ་ཡོངས་བོད་སྐད་སྨྱན་བྱད་གསར་འགྱུར་གྱི་བྱ་དགའ་ཐོབ་པ།
རྩོམ་པ་པོ།:པད་མ་ཚེ་རིང་།
ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ།
དུས་ཚོད།:2014-09-03 10:26:00
ཀློག་གྲངས།:
ཟླ8པའི་ཚེས19ཉིན་ནས་ཚེས22ཉིན་བར། ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ལས་དོན་གྱི་གྲོས་ཚོགས་དེ་དཀར་མཛེས་ཁུལ་དར་མདོ་རྫོང་དུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་སྨྱན་བྱད་ལས་ཁུངས31གི་བོད་སྐད་སྨྱན་བྱད་ལས་བྱེད་པ80ལ་ཉེ་བ་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཤིང་། གྲོས་ཚོགས་སུ། ཆེད་མཁས་པས་ས་ཆ་སོ་སོ་ནས་བསྐྱལ་ཡོང་བའི་རྩོམ་ཡིག་ལ་ལེགས་འདེམས་བྱས་ཤིང་། བདེ་ཆེན་ཁུལ་གྱིས་བསྐྱལ་བའི་རྩོམ་ཡིག12ལ་བོད་སྐད་སྨྱན་བྱད་གསར་འགྱུར་རྩོམ་ཡིག་གི་བྱ་དགའ་ཐོབ་པ་རེད།
ཐེངས་འདིའི་བྱ་དགའ་ཐོབ་པའི་བོད་སྐད་གསར་འགྱུར་རྩོམ་ཡིག12ཁྲོད། ཀྲང་གོ་ཧྭས་བྲིས་པའི་རྒྱས་རྩོམ《ལོ་སྟོང་ལྡན་པའི་ཚ་ཞིང》དང་། སྐལ་བཟང་ཚུལ་ཁྲིམས་དང་བཀྲ་ཤིས་དོན་འགྲུབ། ཆོས་འཕེལ་ལྷ་མོ་བཅས་ཀྱིས་བྲིས་པའི་རྒྱས་རྩོམ《རྫ་ཆུའི་འགྲམ་ངོགས་ཀྱི་སྲུང་མ》ལ་རྒྱས་རྩོམ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ཀྲང་གོ་ཧྭ་དང་ཚེ་རིང་དོན་འགྲུབ། བསོད་ནམས་ཆོས་ལྡན་བཅས་ཀྱིས་རྩོམ་སྒྲིག་བྱས་པའི《རྟ་རྒྱུག་ཆེད་སྒྲིག》དང་སྒྲོལ་མ་ལྷ་མཚོས་རྩོམ་སྒྲིག་བྱས་པའི《རོལ་རྩེད་དར་སྲོལ》ལ་པར་ངོས་ལེགས་པོའི་བྱ་དགའ་ཐོབ། བསོད་ནམས་ཆོས་ལྡན་གྱིས་ཡིག་བསྒྱུར་བྱས་པའི་རྒྱས་རྩོམ《ཀུ་ཤུ་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་སྐལ་བཟང་ཕུན་ཚོགས》དང་སྒྲོལ་མ་གཡང་མཚོས་བསྒྱུར་བའི་རྒྱས་རྩོམ《སྨན་པ་བཟང་པོ་བསོད་ནམས་སྒྲོལ་མ》ལ་ཡིག་བསྒྱུར་ལེགས་པོའི་བྱ་དགའ་ཐོབ། ཀྲང་གོ་ཧྭ་དང་བསོད་ནམས་ཆོས་ལྡན། ཚེ་རིང་དོན་འགྲུབ་བཅས་ཀྱིས་བྲིས་པའི་གསར་འགྱུར་ཐུང་ངུ《ལོ་ངོ་སྟོང་གི་གནའ་གྲོང་ལ་མེ་སྐྱོན་བྱུང་བ》ལ་གསར་འགྱུར་ཐུང་ངུའི་བྱ་དགའ་ཨང་གཉིས་པ་ཐོབ། སྒྲོལ་མ་ལྷ་མཚོས་བྲིས་པའི་རྒྱས་རྩོམ《སེམས་ཀྱི་ཉི་ཟླའི་ལ་གཞས་ཀྱི་རྒྱལ་སྲས་བློ་བཟང་ཤེས་རབ》ལ་རྒྱས་རྩོམ་ཨང་གསུམ་པའི་བྱ་དགའ་ཐོབ། སྒྲོལ་མ་གཡང་མཚོས་བྲིས་པའི་གསར་འགྱུར་ཐུང་ངུ《རང་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་རྫས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་འགྲེམ་སྟོན་བྱེད་པ》དང་བཀྲ་ཤིས་དོན་འགྲུབ་དང་ཚུལ་ཁྲིམས་ཉི་མས་བྲིས་པའི་གསར་འགྱུར་ཐུང་ངུ《ཁོར་ཡུག་སྲུང་སྐྱོང་དུས་རབས་འགུལ་སྐྱོད་བྱེད་པ》ལ་གསར་འགྱུར་ཐུང་ངུའི་བྱ་དགའ་ཨང་གསུམ་པ་ཐོབ། ཀྲང་གོ་ཧྭ་ཡིས་བྲིས་པའི་དཔྱད་རྩོམ《བདེ་ཆེན་གྱི་བོད་སྐད་སྨྱན་བྱད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ》དང་བཀྲ་ཤིས་དོན་འགྲུབ་ཀྱིས་བྲིས་པའི་དཔྱད་རྩོམ《བརྙན་འཕྲིན་གསར་འགྱུར་འཚོལ་བསྡུ་བྱེད་པའི་གོ་རིམ་ཁྲོད་མང་ཚོགས་ལམ་ཕྱོགས་ཇི་ལྟར་རྒྱུན་འཁྱོངས་བྱེད་དགོས་ཚུལ་རགས་ཙམ་དཔྱད་པ》ལ་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ།
ཐེངས་འདིའི་གྲོས་ཚོགས་ཐོག་ཁྱོན་བསྡོམས་དུས་དེབ་དང་ཚགས་པར་གྱི་འགྲན་ཞུགས་རྩོམ་ཡིག184ཞུགས་པ་དང་། དེ་ལས་རྩོམ་ཡིག141ལ་བྱ་དགའ་ཐོབ་ཡོད། རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་འགྲན་ཞུགས་རྩོམ་ཡིག་ཁྱོན་བསྡོམས43འབྱོར་བ་དང་བྱ་དགའ་ཐོབ་པའི་རྩོམ་ཡིག43ཡོད། བོད་ལྗོངས་ཉིན་རེར་ཚགས་པར་ཁང་སོགས་ཚགས་པར་ཁང7གྱི་བོད་སྐད་སྨྱན་བྱད་ཀྱིས་བོད་ཡིག་བརྡ་ཆད་གསར་བ179འབྱོར་བ་དང་། གཟབ་ནན་གྱིས་གྲོས་མོལ་དང་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། བརྡ་ཆད་གསར་བ84གཏན་ལ་ཕབ་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།