བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཐུན་མིན་གྱི་སློབ་གསེང་ལུས་རྩལ་བསྒྲིགས་པ།
ཟླ3པའི་ཚེས30ཉིན་གྱི་སྔ་དྲོ་བོད་ཀྱི་གྲ་ནང་དུ་བཅར་འདྲི་བྱེད་བཞིན་པའི་གསར་འགོད་པས་བོད་རིགས་བུ་མོ་གཉིས་ཀྱི་སྣེ་ཁྲིད་འོག་གྲ་ནང་རྫོང་སློབ་འབྲིང་གི་དགེ་སློབ་བརྒྱ་གྲངས་ཀྱིས་འཁྲུག་ཆ་དོད་པའི་བོད་གཞས་དང་མཉམ་དུ་སློབ་གསེང་ལུས་རྩལ་སྒོར་གཞས་འཁྲབ་པ་མཐོང་བྱུང་།
སློབ་གསེང་ལུས་རྩལ་གསར་པ་དེ་ང་ཚོས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ‘སྒོར་གཞས’ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱིས་འབོད་སྐུལ་བྱེད་པའི་རྒྱང་གྲགས་ལུས་རྩལ་བརྒྱད་དང་ཟུང་འབྲེལ་བྱས་ནས་གསར་སྒྲིག་བྱས་པ་ཞིག་ཡིན། ང་ཚོས་བྱ་ཐབས་དེར་བརྟེན་ནས་གཟུགས་འདས་རིག་གནས་ཤུལ་བཞག་སློབ་ཁང་དུ་ཁྱབ་གདལ་བཏང་སྟེ་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡོད་ཅེས་གྲ་ནང་རྫོང་སློབ་འབྲིང་གི་སློབ་སྤྱི་ཐང་ཀོང་མིང་གིས་བཤད།
ཤེས་རྟོགས་བྱུང་བར། ས་གནས་དེ་གའི་སློབ་གསོ་སྡེ་ཚན་གྱིས་ད་དུང་སློབ་གསེང་ལུས་རྩལ་འགྲན་བསྡུར་བྱས་ནས་སློབ་གསེང་ལུས་རྩལ་སྒོར་གཞས་དེ་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྒོར་གཞས་དེ་ཁྱབ་ཆེ་བར་བརྟེན་ཉེ་འགྲམ་གྱི་སློབ་གྲྭ་མི་ཉུང་བ་ཞིག་གིས་རྒྱང་གྲགས་ལུས་རྩལ་དེ་གྲ་ནང་གི་སྒོར་གཞས་སློབ་གསེང་ལུས་རྩལ་དུ་འགྱུར་ཡོད།
གྲ་ནང་རྫོང་སློབ་འབྲིང་གི་དམའ་རིམ་ལོ་རིམ་གསུམ་པའི་སློབ་མ་ཡོན་ཏན་ལྷག་སྒྲོལ་གྱིས“ངས་ཆུང་དུས་ནས་ཞབས་བྲོ་དེ་གྲོང་ཚོའི་ནང་འཁྲབ་པ་མཐོང་མྱོང་ཡོད། དེར་བརྟེན་སློབ་གསེང་ལུས་རྩལ་གསར་པ་དེ་ལམ་སེང་ཤེས་ཀྱི་འདུག་ལ་འཁྲབ་དུས་ཀྱང་སྤྲོ་སྣང་ཆེན་པོ་སྐྱེ་ཡི་འདུག”ཅེས་བཤད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com