གཅན་ཚ་ཐང་བོད་ཡིག་དྲ་བ་དངོས་སུ་ཤར་གཏོང་བྱས་པ།
གཅན་ཚ་ཐང་བོད་ཡིག་དྲ་བ་དངོས་སུ་ཤར་གཏོང་བྱས་པ།
གཅན་ཚ་ཐང་བོད་ཡིག་དྲ་བ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དངོས་ལུགས་སྡེ་ཁག་གི་སློབ་མ་དཀྱིས་མ་ཞིག་གིས་ཟླ་ངོ་གསུམ་གྱི་རིང་སློབ་སྦྱོང་གི་བྲེལ་ཟིང་དང་ངལ་གསོའི་དུས་ཚོད་ཁྲོད་ཁོམ་ལོང་གི་དུས་ཚོད་རེ་བཙལ་ནས་བཟོས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་སྡེ་ཁག་དང་སློབ་གྲོགས་སྐོར་ཞིག་གི་མ་དངུལ་གྱི་རོགས་སྐྱོར་གནང་འོག་ད་ལྟ་དངོས་སུ་ཤར་གཏོང་བྱས་ཡོད་པ་དང་། གཅན་ཚ་ཐང་གི་རྩོམ་མཁན་དག་གཙོ་བྱས་ཐོག་རྩོམ་མཁན་རྣམ་པས་རང་གི་བརྩམས་ཆོས་གང་མང་འདི་གའི་གློག་རྡུལ་ཡིག་ཟམ་ལ་བསྐུར་དང་དྲ་བར་འགོད་ངེས་ཡིན།
མཐར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཡིག་སྡེ་ཁག་དང་གྲོགས་རྣམ་ཐར་གཙོ་བྱས་ཏེ། 2012ལོའི་དངོས་ལུགས་འཛིན་གྲྭའི་སློབ་གྲོགས་རྣམ་པར་སྙིང་ཁོངས་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུ།
ཡིན་ཡང་རང་ཉིད་ཀྱི་ཆེད་ལས་གློག་ཀླད་མིན་པ་དང་ཚབ་རྟགས་ལ་བྱང་ཆ་མེད་པས་ད་དུང་པར་ངོས་ན་སྦྲགས་ཡིག་རེ་འགའ་བསྒྱུར་མ་ཐུབ་པར་བཞག་ཡོད་པར་དྲ་མགྲོན་རྣམས་ནས་ཐུགས་འཇགས་འཚལ་བར་ཞུ། གཞན་ཡང་ཧྥན་ཁུ་ཀུང་ཟིར་བོད་ཡིག་གི་མ་ལག་མེད་པ་དང་རང་གིས་བཟོས་པའི་དྲ་བའི་པར་ངོས་སུ་འདང་མེད་པའི་ཆ་དང་ནོར་བའི་ཆ་ཡང་དུ་མ་ཡོད་ངེས་པས་གློག་ཀླད་ལ་མཁས་པའི་གྲོགས་དམ་པ་རྣམས་ནས་རྒྱབ་སྐྱོར་རེ་གནང་བར་ཞུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com