ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》དང་འབྲེལ་ཏེ་ཚོགས་འདུ་སྤེལ།

རྩོམ་པ་པོ།:བདེན་འཚོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-27 09:10:00 ཀློག་གྲངས།:
     སྤྱི་ལོ2015ལོའི་ཟླ4བའི་ཚེས23ཉིན་ཏེ་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་སློབ་གྲྭ་དེ་གའི་དགེ་རྒན་དགོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་པའི《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》དང་འབྲེལ་བའི་སྐུལ་སློང་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་དགེ་སློབ2900ཉེ་བ་ལྷག་འདུས་ཤིང་ཚོགས་འདུའི་རྣམ་པ་ཅུང་འཁྲུག་ཆ་དོད་པས་སྤེལ།
     དགེ་རྒན་མགོན་པོ་དོན་གྲུབ་ཀྱིས་དེབ་འདིའི་རྩོམ་པ་པོ་དགོན་བཀྲ་ཤིས་དོན་གྲུབ་ངོ་སྤྲོད་དང་འབྲེལ་ཏེ་ཚོགས་འདུའི་མདོ་བཟུང་ཞིང་། སློབ་དཔྱོད་ཁང་གི་འགན་འཛིན་པ་རྒན་སྒྲོལ་དཀར་སྐྱབས་ཀྱིས་སྐུལ་སློང་ཚོགས་འདུའི་དགོས་པ་དང་དམིགས་ཡུལ་སྐོར་ནས་གཏམ་བཤད། དེར་མཐུད་དེ་དེབ་འདིའི་རྩོམ་པ་པོ་དགོན་བཀྲ་ཤིས་དོན་གྲུབ་ཀྱིས་སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག་གི་དགོས་པ་དང་དམིགས་ཡུལ། དེ་དང་འབྲེལ་ཏེ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་གི་གནས་བབ་སྐོར་ནས་གཏམ་བཤད། དེ་མིན་རྒན་པདྨ་དོན་གྲུབ་དང་སྟག་ཐར་སྐྱབས། རྫས་ལུང་ཚེ་དར། དཀོན་མཆོག་དོན་གྲུབ་སོགས་ཀྱིས་ཀྱང་རང་གི་ལྟ་ཚུལ་དང་བསམ་ཚུལ་གང་ལེགས་ལྷུག་བརྗོད་གནང་།
     《སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག》ཅེས་པའི་དཔེ་དེབ་དེ་ནི་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ལ་མཚོན་ན་རིག་གཞུང་ཞིབ་འཇུག་སྐོར་གྱི་བརྩམས་དེབ་དཔར་སྐྲུན་བྱས་པ་ཐོག་མ་ཡིན་ལ། རྩོམ་པ་པོ་སྒེར་ལ་མཚོན་ནའང་དཔེ་སྐྲུན་ཁང་ཚད་ལྡན་བརྒྱུད་དེ་དཔར་སྐྲུན་བྱས་པའི་བརྩམས་དེབ་ཐོག་མ་ཡིན། དེ་མིན་གཏམ་བཤད་ཀྱི་མགོ་མཇུག་བར་གསུམ་གང་ཡིན་དཔེ་ཀློག་གི་དགེ་མཚན་དང་གལ་ཆེན་རང་བཞིན་གྱིས་ཁྱབ་པར་བྱས་པས། དགེ་སློབ་ཚང་མར་དེང་ཕྱིན་དཔེ་ཆ་གང་ལ་བལྟ་བ་དང་ཇི་ལྟར་བལྟ་བ། ཅིའི་ཕྱིར་ལྟ་དགོས་པའི་སྐོར་ནས་སྐུལ་སློང་གི་ནུས་པ་དང་། སྒོས་སུ་རང་ཉིད་ཀྱི་མི་ཚེ་ཇི་ལྟར་དོན་ལྡན་དུ་བྱ་བའི་ཐད་ནས་བསམ་གཞིག་གཏོང་རྒྱུའི་གནད་མང་པོ་ཞིག་དང་། དེར་བསྟུན་གྱི་ཤེས་ཚོར་དང་བློ་བསྐྱེད་ཀྱང་མི་དམན་པ་ཞིག་ཐོབ་སོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།