བློ་བཟང་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མི་མཚོ་ལྷོའི་བོད་ཀྱི་རྒྱན་གོས་རིག་གནས་དུས་ཆེན་དུ་ངོམ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-19 14:43:00 ཀློག་གྲངས།:

བློ་བཟང་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མི
མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བློ་བཟང་གིས་
འཕྲུལ་མི་ཇི་ལྟར་སྤྱོད་པ་མཚམས་སྦྱོར་བྱེད་པ།


བློ་བཟང་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མིའི་འཆར་ངོས་ཀྱི་རྣམ་པ།


བློ་བཟང་བོད་རྒྱ་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མི།

     སྤྱི་ཟླ8པའི་ཚེས18ཉིན། མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཇུས་འགོད་དང་སྒྲིག་བཟོ་གནང་བའི་བོད་རྒྱ་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མི་མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དུ་ངོམ་པ་རེད།
     བློ་བཟང་བོད་རྒྱ་སྐད་གཉིས་ཚན་རྩལ་ཁྱབ་གདལ་གྱི་འཕྲུལ་མི་ནི་མཚོ་སྔོན་གྱི་རོང་འབྲོག་ས་ཁུལ་གྱི་དངོས་ཡོད་དགོས་མཁོར་དམིགས་ཏེ་སྔོག་འདོན་བྱས་པ་ཞིག་ཡིན་ཞིང་། རོང་འབྲོག་ས་ཁུལ་དུ་ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་དུ་བར་འཚམ་པ་ཡིན། སྤྱོད་ནུས་གཙོ་བོ་ནི་འཕྲུལ་ཆས་ཀྱིས་མིའི་ཚབ་བྱས་ཏེ་རོང་འབྲོག་ཚན་རྩལ་ཤེས་བྱ་དང་མཐོ་སྒང་གི་ཚན་རྩལ་ཤེས་བྱ། ཚན་རྩལ་རྒྱུན་ཤེས། འཕྲོད་བསྟེན་ནད་རིགས་སྔོན་འགོག  རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་སོགས་གསལ་འགྲེལ་བྱེད་ཅིང་། བོད་རྒྱ་སྐད་གཉིས་ཀྱི་སྐད་དང་ཡི་གེ་འཆར་ནུས་པ་དང་གསལ་བརྗོད་བྱེད་པ་ཡིན་ལ། ད་སྔའི་བར་རོང་འབྲོག་ས་ཁུལ་དུ་ཤེས་བྱ་སྣ་ཚོགས་ཁྱབ་གདལ་དུ་གཏོང་བར་ཆེས་ལེགས་པའི་ཐོན་རྫས་ཤིག་ཡིན།
     མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟི་ནི2012ལོའི་ཟླ5བར་བཙུགས་ཤིང་། ཐོ་འགོད་མ་དངུལ་དུང་ཕྱུར་དྲུག་བཏང་། ད་ལྟ་ཀུང་ཟི་འདི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་ལས་རིགས་གསར་སྤེལ་གླིང་དུ་བཙུགས་ཡོད། ཀུང་ཟི་འདིས་གཙོ་བོ་གློག་རྡུལ་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད། ཕྱིར་འཚོང་། རྩིས་འཁོར་སྒྲིག་ཆས་གསར་སྤེལ། ཚོང་ཟོག་ནང་འདྲེན་དང་ཕྱིར་གཏོང་ལས་གཞི་སོགས་གཉེར་བཞིན་ཡོད། ད་སྔ་གསར་གཏོད་ཆེད་ཁེའི་བདག་དབང་གཉིས་དང་། ཇུས་འགོད་བདག་དབང་བརྒྱད། གསར་རྩོམ་བདག་དབང་གཉིས། ད་དུང་ཐོ་འགོད་བྱས་པའི་ཚོང་རྟགས་གཉིས་ཡོད། ཀུང་ཟི་འདིས་ད་ལྟ་ཕྱིར་འཚོང་ས་ཚིགས་བཞི་བཅུ་ལྷག་བཙུགས་ཡོད་ལ། ཨ་རི་དང་། ཏེན་མག ཞང་ཀང་། ཐེ་ཝན། མཚོ་སྔོན། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་ཞིང་ཆེན་སོགས་ས་ཁུལ་ཁག་ཏུ་ཁྱབ་ཡོད། 2013ལོར་ཚོང་ཟོག་ནང་འདྲེན་ཕྱིར་གཏོང་གི་ཆོག་མཆན་ཐོབ་པ་དང་དཔང་ཡིག་བླངས། 2014ལོར་ཚད་མཐོའི་ལག་རྩལ་གསར་བའི་ཁེ་ལས་བདག་དབང་ཐོབ་ཡོད་པས། འདི་ནི་ཁྲི་ཀ་རྫོང་གི་རྒྱལ་ཁབ་རིམ་པའི་ཚད་མཐོའི་ལག་རྩལ་གསར་བའི་ཁེ་ལས་བདག་དབང་ཡོད་པའི་ཁེ་ལས་གཅིག་པུ་ཡིན།
     ད་ལྟ་ཀུང་ཟི་འདིས་ཐོན་སྐྱེད་བྱེད་པའི་ཐོན་རྫས་ནི། བློ་བཟང་རྟགས་ཅན་གྱི་ཀློག་སྨྱུག་དང་། གཟུགས་སྨྱུག སྒྲ་སྨྱུག རྩིག་རྒྱག་འཕྲུལ་ཆས། Uསྡེར། ཁ་པར། མཐེབ་གཞོང་། ཙིག་རྟགས། སློབ་སྦྱོང་འཕྲུལ་ཆས། ཉི་འོད་གློག་གསོག  རིག་ལྡན་གློག་སྒམ་བཅས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།