མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྐོར་དམངས་སྲོལ་འཚོལ་བསྡུའི་བྱ་འགུལ་སྤེལ།

རྩོམ་པ་པོ།:གདུགས་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-07 09:11:00 ཀློག་གྲངས།:

མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྐོར་དམངས་སྲོལ་འཚོལ་བསྡུའི་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྐོར་དམངས་སྲོལ་འཚོལ་བསྡུའི་བྱ་འགུལ་སྤེལ།

     སྤྱི་ཟླ8པའི་ཚེས27ཉིན། མཚོ་ལྷོ་ཁུལ་གྱི་རྩོམ་རིག་བྱ་གཞག་སྔར་ལས་ཇེ་རྒྱས་དང་། གསར་རྩོམ་ལ་འཇུག་པའི་རྩོམ་པ་པོ་གང་མང་སྐྱེད་སྲིང་བྱ་ཆེད། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྐོར་དམངས་སྲོལ་འཚོལ་བསྡུའི་བྱ་འགུལ་སྤེལ་ཞིང་། མཚོ་ལྷོ་ཁུལ་གྱི་རྩོམ་པ་པོ་དང་བརྙན་ལེན་པ34ཐེངས་འདིའི་བྱ་འགུལ་དུ་ཞུགས་ལ། ཁོ་ཚོས་རང་ཉིད་ཀྱི་འཇོན་ཐང་དང་ཤེས་རབ་ལ་བརྟེན་ནས་མཚོ་སྔོན་པོའི་མཛེས་སྡུག་གི་ཡུལ་ལྗོངས་བཀོད་པ་དང་། བོད་དམངས་ཁྲོད་ཀྱི་དམངས་སྲོལ་དང་འབྲེལ་བའི་ངོ་མཚར་གྱི་མཐོང་ཐོས་མྱོང་གསུམ་རྩོམ་རིག་དང་བརྙན་རིས་ཀྱི་གར་སྟེགས་སུ་བཞེངས་ཤིང་། དེ་ལས་བསྐྱེད་པའི་བསམ་བློའི་འདུ་ཤེས་དང་། སྣང་བརྙན་བཟོ་སྐྲུན་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་གང་ལེགས་བསྐྲུན་པ་རེད།
     མ་ཟད། ཉེ་སྔོན་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་མཚོ་ངོགས་གྲོང་རྡལ4ཡི་ཞིང་སྡེ་གསར་བ་དང་འབྲོག་ཁུལ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་རེ་རེ་བཞིན་བརྙན་ལེན་པས་པར་དུ་བླངས་ཤིང་དེའི་ངོ་མཚར་གྱི་སྣང་བརྙན་རེ་རེ་རྒྱ་ཆེའི་མང་ཚོགས་ཀྱི་མིག་ལམ་དུ་བསྟར་བ་འདིས་ཀྱང་དམངས་ཕན་སྲིད་ཇུས་ཀྱི་དྲིལ་སྒྲོག་ལ་སྐུལ་ལྕག་གི་ནུས་པ་མི་དམན་པ་ཞིག་བླངས་ཡོད་པ་མཚོན་ལ། དེས་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་གྱི་དམངས་སྲོལ་འཚོལ་བསྡུ་གཞི་རིམ་ལ་རྐང་ཚུགས་ཤིང་། རྩོམ་རིག་གི་ས་བོན་ཡང་དེ་ལས་འབུས་ཤིང་འབྲས་བུ་སྨིན་པའི་རྟགས་མཚན་དུ་མངོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།