མང་རྫོང་མི་རིགས་སློབ་འབྲིང་དུ2015ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:འབྲོང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-18 09:46:00 ཀློག་གྲངས།:


མང་རྫོང་མི་རིགས་སློབ་འབྲིང་དུ2015ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་བསྡུས་པ།

མང་རྫོང་མི་རིགས་སློབ་འབྲིང་གིས2015ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ
མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློང་གླིང་གི་
དགེ་རྒན་ཆེན་མོ་བཀྲ་བྷོ་ཡིས་གཏམ་བཤད་སྤེལ་བཞིན་པ།


མང་རྫོང་མི་རིགས་སློབ་འབྲིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་
དགེ་འོས་སློབ་གླིང་ལ་དྲིན་གཟོའི་དར་སྐྱེས་འབུལ་བ།


གྲོས་ཚོགས་ཀྱི་མཉམ་པར།

     སྤྱི་ཟླ1པོའི་ཚེས16ཉིན། མཚོ་སྔོན་དགེ་ཐོན་ཆེན་མི་རིགས་དགེ་འོས་སློབ་གླིང་དང་མང་རྫོང་མི་རིགས་སློབ་འབྲིང་གིས2015ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་དེ་མང་རྫོང་མི་རིགས་སློབ་འབྲིང་དུ་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་རྣམས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     2015ལོའི་ཟླ་བཞི་བའི་ནང་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གིས་སློབ་གྲྭའི་དགེ་རྒན་དག་གི་སློབ་གསོའི་ཉམས་མྱོང་བསྡུ་ལེན་དང་སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས། ཤེས་བྱའི་མ་ལག་ཁ་གསབ་བཅས་སུ་དམིགས་ཏེ། མཚོ་སྔོན་དགེ་ཐོན་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རོགས་སྐྱོར་འོག་ཏུ་སློབ་གྲྭ་གཉིས་ཀྱིས་ལོ་ངོ་གཅིག་རིང་ལ་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས། རྩིས་རིག་དང་དངོས་ལུགས། རྗས་འགྱུར། ཆབ་སྲིད།  ལོ་རྒྱུས། དབྱིན་ཡིག་བཅས་ཀྱི་དགེ་རྒན་གསོ་སྦྱོང་བྱ་བའི་བྱེད་སྒོ་སྤེལ་མགོ་བརྩམས། 
     རེབ་འདིའི་བྱེད་སྒོའི་ནང་དོན་ལ་ལྟ་སྦྱོང་དང་གསོ་སྦྱོང་གཉིས་སུ་དགར་ཡོད་པ་སྟེ། ཟླ་ལྔ་བ་དང་དྲུག་པ་གཉིས་ཀྱི་ནང་དུ་སྔ་རྗེས་སུ་མི་རིགས་དགེ་འོས་སློབ་གླིང་གི་རྩིས་དངོས་རྫས་གསུམ་གྱི་ཆེད་ལས་དགེ་རྒན26ལྷག་མང་རྫོང་མི་རིགས་སློབ་འབྲིང་ལ་ཡོང་ནས་སློབ་ཁྲིད་ཀྱི་ལྟ་སྦྱོང་བྱེད་སྒོ་སྤེལ་བ་དང་། ལྟ་སྦྱོང་བྱེད་སྒོ་དེ་གཉིས་ཀྱི་ཁྲོད་དུ་ཁྱོན་བསྡོམས་སློབ་གྲྭའི་རྩིས་དངོས་རྫས་གསུམ་གྱི་སློབ་ཐུན20ལྷག་ལ་ཉན་པ་དང་། སློབ་ཁྲིད་ལ་ཉན་རྗེས། ཚན་ཆུང་བགོས་ཏེ་བཞུགས་མོལ་འཚོགས་འདུ་བསྡུས་ནས་སློབ་གྲྭ་གཉིས་ཀྱི་དགེ་རྒན་ཕན་ཚུན་བར་ལ་ཉམས་མྱོང་བརྗེ་རེས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་རེད།
     གསོ་སྦྱོང་བྱེད་སྒོ་ནི་ཁྱོན་བསྡོམས་ཐེངས་དགུ་ལ་སྤེལ་བ་སྟེ། ཟླ5བ་ནས་ཟླ12པའི་བར་དུ་རྩིས་རིག་དང་དབྱིན་ཡིོག དངོས་ལུགས། རྫས་འགྱུར། ཆབ་སྲིད། ལོ་རྒྱུས་བཅས་བསླབ་བྱ་དྲུག་གཙོ་བོར་བཟུང་བ་ཡིན་ལ། དེ་ལ་ཡང་སྔ་རྗེས་སུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན24ཡིས་གཟའ་ཉི་མ་དང་ཟླ་བའི་དུས་ཚོད་བེད་སྤྱད་ནས་སློབ་གྲྭའི་དགེ་རྒན་དག་ལ་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཏུ་ཡོང་བ་མ་ཟད། ཆེད་ལས་སློབ་ཁྲིད་དང་རྒྱུགས་གཞི་དབྱེ་ཞིབ། ཆེད་དོན་གཏམ་གླེང་བཅས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། ནན་ཏན་གྱིས་སློབ་སྟོན་དང་མཛུབ་ཁྲིད་བྱས་ཏེ་སློབ་གསོ་སློབ་ཁྲིད་དུ་འཕྲད་པའི་གནད་དོན་དང་དོགས་གཞི་སེལ་ཅིང་། རང་རང་གི་ལྟ་ཚུལ་དང་ཐག་གཅོད་ཐབས་ལམ་བསྟན་ནས་ཆེད་ལས་ཤེས་བྱ་དང་སློབ་ཁྲིད་ནུས་པ་མཐོར་འདེགས་རྒྱ་ཆེར་བཏང་བ་རེད།
     གཞན་ཡང་གསོ་སྦྱོང་བྱེད་སྒོ་འདི་དང་འདི་ལྟ་བུ་ཐེངས་མང་སྤེལ་བ་དང་། དགེ་རྒན་རྣམ་པས་སློབ་གསོ་སློབ་ཁྲིད་ཀྱི་ཁ་ཕྱོགས་དང་ཐབས་ལམ་ལ་ཤུགས་སྣོན་བྱས་པའི་དབང་གིས། ད་ལོའི་འབྲིང་རྒྱུགས་སུ་རྩིས་རིག་དང་རྫས་འགྱུར་གྱིས་ཁུལ་ཡོངས་ཀྱི་ཨང་དང་པོ་བླངས་པ་དང་། དངོས་ལུགས་ཀྱིས་ཁུལ་ཡོངས་ཀྱི་ཨང་གཉིས་པ་བླངས་པ་ལྟ་བུའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།